完整藏文原文 · 德格版页 当前仅加载第 16 函德格 206a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སྟོང་པ་ཉིད་དང་འགལ་བར་{མྱི་,མི་}བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱ་བ་ཡིན་ཞེ་ན། རང་གི་མཚན་
D8.016.0206a01.01ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྟོང་པ་ཉིད་ཡོངས་སུ་རྫོགས་པའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་མ་{མྱེད་,མེད་}པ་མངོན་དུ་བྱ་བ་ཡིན་ཞེ་ན། འདི་ལྟ་སྟེ། མཚན་མ་
D8.016.0206a02.01ཐམས་ཅད་ཡིད་ལ་{མྱི་,མི་}བྱེད་པའི་ཕྱིར་རོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྨོན་པ་{མྱེད་,མེད་}པ་ཤེས་པ་ཡིན་ཞེ་ན། དེ་ནི་ཁམས་གསུམ་ཐམས་ཅད་དུ་སེམས་{མྱི་,མི་}འཇུག་པའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་
D8.016.0206a03.01ཆེན་པོའི་འཁོར་གསུམ་ཡོངས་སུ་དག་པ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་པའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཞིང་སྙིང་བརྩེ་བ་ཡོངས་སུ་
D8.016.0206a04.01རྫོགས་པ་ཡིན་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་རབ་ཏུ་ཐོབ་པའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སེམས་ཅན་ཐམས་ཅད་ལ་བརྙས་པར་{མྱི་,མི་}བྱ་ཞེ་ན། འདི་ལྟ་སྟེ། བྱམས་པ་ཡོངས་སུ་རྫོགས་པའི་ཕྱིར་རོ། །
D8.016.0206a05.01དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཐམས་ཅད་ལ་མཉམ་པ་ཉིད་དུ་ལྟ་བ་གང་ཡིན་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ལ་བསྣན་པ་དང་དབྲི་བ་{མྱེད་,མེད་}པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡང་དག་པའི་
D8.016.0206a06.01ཚུལ་རབ་ཏུ་རྟོགས་པ་གང་ཡིན་ཞེ་ན། ཆོས་ཐམས་ཅད་ཚུལ་གཅིག་ཏུ་རྟོགས་ཀྱང་རྟོགས་པ་{མྱེད་,མེད་}པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་{མྱི་,མི་}སྐྱེ་བ་ལ་བཟོད་པ་གང་ཡིན་ཞེ་ན། ཆོས་ཐམས་ཅད་སྐྱེ་བ་{མྱེད་,མེད་}པ་དང་། འགག་པ་{མྱེད་,མེད་}པ་
D8.016.0206a07.01