完整藏文原文 · 德格版页 当前仅加载第 16 函德格 214a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་པའི་ཕྱིར་རོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་པའི་ཕྱིར་རོ། །ལུས་ཀྱི་འདུས་ཏེ་རེག་པའི་
D8.016.0214a01.01རྐྱེན་ཀྱིས་ཚོར་བ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཀྱིས་ཚོར་བས་སྟོང་པའི་ཕྱིར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་{མྱེད་,མེད་}པའི་ཆོས་རྣམས་འབྱུང་བར་
D8.016.0214a02.01འདོད་པ་དེ་ནི། {རྨྱི་,རྨི་}ལམ་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་{མྱེད་,མེད་}པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། སྒྱུ་མ་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་{མྱེད་,མེད་}པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། སྨྱིག་
D8.016.0214a03.01རྒྱུ་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་{མྱེད་,མེད་}པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། སྒྲ་བརྙན་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་{མྱེད་,མེད་}པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། {མྱིག་,མིག་}ཡོར་འབྱུང་བར་
D8.016.0214a04.01འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་{མྱེད་,མེད་}བའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། དེ་བཞིན་གཤེགས་པའི་སྤྲུལ་བ་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་{རྨྱི་,རྨི་}ལམ་ནི་ཁམས་གསུམ་ནས་འབྱུང་བ་{མྱེད་,མེད་}དོ། །རྣམ་པ་
D8.016.0214a05.01ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་{མྱེད་,མེད་}དོ། །སྒྱུ་མའི་ཁམས་གསུམ་ནས་འབྱུང་ནས་འབྱུང་བ་{མྱེད་,མེད་}དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་{མྱེད་,མེད་}དོ། །སྨྱིག་རྒྱུ་ནི་ཁམས་གསུམ་ནས་འབྱུང་བ་{མྱེད་,མེད་}དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
D8.016.0214a06.01དུ་གནས་པ་{མྱེད་,མེད་}དོ། །སྒྲ་བརྙན་ནི་ཁམས་གསུམ་ནས་འབྱུང་བ་{མྱེད་,མེད་}དོ། །རྣམ་པར་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་{མྱེད་,མེད་}དོ། །{མྱིག་,མིག་}ཡོར་ནི་ཁམས་གསུམ་ནས་འབྱུང་པ་{མྱེད་,མེད་}དོ། །རྣམ་པར་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་{མྱེད་,མེད་}དོ།།
D8.016.0214a07.01