藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 368a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ངོ་བོ་ཉིད་{མྱེད་,མེད་}པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་{མྱི་,མི་}{དམྱིགས་,དམིགས་}སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་པར་ཤེས་པའི་ཁམས་{མྱེད་,མེད་}པ་དང་། རྣམ་པར་ཤེས་པའི་ཁམས་སྟོང་པ་

D8.016.0368a01.01
2

ཉིད་དང་། རྣམ་པར་ཤེས་པའི་ཁམས་དབེན་པ་དང་། རྣམ་པར་ཤེས་པའི་ཁམས་ངོ་བོ་ཉིད་{མྱེད་,མེད་}པ་ལ་སྔོན་གྱི་མཐའ་{མྱི་,མི་}{དམྱིགས,དམིགས}། ཕྱི་མའི་མཐའ་མི་{དམྱིགས,དམིགས}། དབུས་མི་{དམྱིགས་,དམིགས་}ཏེ། རྣམ་པར་ཤེས་པའི་ཁམས་{མྱེད་,མེད་}པ་ཡང་

D8.016.0368a02.01
3

གཞན་མ་ཡིན། རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་ཀྱང་གཞན་མ་ཡིན། རྣམ་པར་ཤེས་པའི་ཁམས་དབེན་པ་ཡང་གཞན་མ་ཡིན། རྣམ་པར་ཤེས་པའི་ཁམས་ངོ་བོ་ཉིད་{མྱེད་,མེད་}པ་ཡང་གཞན་མ་ཡིན། བྱང་ཆུབ་སེམས་

D8.016.0368a03.01
4

དཔའ་ཡང་གཞན་མ་ཡིན། སྔོན་གྱི་མཐའ་ཡང་གཞན་མ་ཡིན། ཕྱི་མའི་མཐའ་ཡང་གཞན་མ་ཡིན། དབུས་ཀྱང་གཞན་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན། རྣམ་པར་ཤེས་པའི་ཁམས་{མྱེད་,མེད་}པ་གང་ཡིན་པ་དང་

D8.016.0368a04.01
5

རྣམ་པར་ཤེས་པའི་ཁམས་སྟོང་པ་ཉིད་གང་ཡིན་པ་དང་། རྣམ་པར་ཤེས་པའི་ཁམས་དབེན་པ་གང་ཡིན་པ་དང་། རྣམ་པར་ཤེས་པའི་ཁམས་ངོ་བོ་ཉིད་མེད་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། སྔོན་གྱི་

D8.016.0368a05.01
6

མཐའ་གང་ཡིན་པ་དང་། ཕྱི་མའི་མཐའ་གང་ཡིན་པ་དང་། དབུས་གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མ་རིག་པ་{མྱེད་,མེད་}པའི་ཕྱིར། བྱང་ཆུབ་སེམས་

D8.016.0368a06.01
7

དཔའ་སྔོན་གྱི་མཐར་{མྱི་,མི་}{དམྱིགས་,དམིགས་}སོ། །མ་རིག་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་{མྱི་,མི་}{དམྱིགས་,དམིགས་}སོ། །མ་རིག་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་{མྱི་,མི་}{དམྱིགས་,དམིགས་}སོ། །མ་རིག་པ་

D8.016.0368a07.01