藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 336b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཞེས་བྱ་བ་{མྱེད་,མེད་}དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། གཟུངས་ཀྱི་སྒོ་རྣམས་ཀྱང་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}དོ། །ཐེག་པ་ཆེན་པོ་ཡང་གཞན་ལ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་གཞན་ཞེས་བྱ་བ་{མྱེད་,མེད་}དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་།

D8.016.0336b01.01
2

དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}དོ། །ཐེག་པ་ཆེན་པོ་ཡང་གཞན་ལ། མི་འཇིགས་པ་བཞི་ཡང་གཞན་ཞེས་བྱ་བ་{མྱེད་,མེད་}དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། {མྱི་,མི་}འཇིགས་པ་རྣམས་ཀྱང་གཉིས་སུ་{མྱེད་,མེད་}དེ་

D8.016.0336b02.01
3

གཉིས་སུ་བྱར་{མྱེད་,མེད་}དོ། །ཐེག་པ་ཆེན་པོ་ཡང་གཞན་ལ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་གཞན་ཞེས་བྱ་བ་{མྱེད་,མེད་}དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}དོ། །

D8.016.0336b03.01
4

ཐེག་པ་ཆེན་པོ་ཡང་གཞན་ལ། སྙིང་རྗེ་ཆེན་པོ་ཡང་གཞན་ཞེས་བྱ་བ་{མྱེད་,མེད་}དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ཡང་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}དོ། །ཐེག་པ་ཆེན་པོ་ཡང་གཞན་ལ། སངས་རྒྱས་ཀྱི་ཆོས་མ་

D8.016.0336b04.01
5

འདྲེས་པ་{བཅྭོ་,བཅོ་}བརྒྱད་ཀྱང་གཞན་ཞེས་བྱ་བ་{མྱེད་,མེད་}དེ། དེ་ལྟར་ན་ཐེག་པ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡང་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}དོ། །རབ་འབྱོར་རྣམ་གྲངས་དེས་ན་ཐེག་པ་ཆེན་པོ་བསྟན་པས། ཤེས་རབ་ཀྱི་

D8.016.0336b05.01
6

ཕ་རོལ་ཏུ་ཕྱིན་པ་བསྟན་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པས་ཐེག་པ་ཆེན་པོ་བསྟན་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་

D8.016.0336b06.01
7

འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་ནི་སྔོན་གྱི་མཐར་{མྱི་,མི་}{དམྱིགས་,དམིགས་}སོ། །བྱང་ཆུབ་སེམས་དཔའ་ནི་ཕྱི་མའི་མཐར་{མྱི་,མི་}{དམྱིགས་,དམིགས་}སོ། །བྱང་ཆུབ་སེམས་དཔའ་ནི་དབུས་སུ་{མྱི་,མི་}{དམྱིགས་,དམིགས་}ཏེ། གཟུགས་ཀུན་ཏུ་མཐའ་ཡས་པའི་སླད་དུ།

D8.016.0336b07.01