完整藏文原文 · 德格版页 当前仅加载第 16 函德格 201b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མང་དུ་ཐོས་པས་{མྱི་,མི་}ངོམས་པ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་འདིའམ། ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་སུ་གང་ཇི་བསྟན་པ་དེ་དག་
D8.016.0201b01.01ཐམས་ཅད་ཡོངས་སུ་གཟུང་བར་བྱའོ། །ཞེས་{མྱི་,མི་}ངོམས་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མང་དུ་ཐོས་པས་{མྱི་,མི་}ངོམས་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཟང་ཟིང་{མྱེད་,མེད་}པར་ཆོས་ཀྱི་སྦྱིན་པ་རྣམ་པར་
D8.016.0201b02.01འབྱེད་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་སྟོན་པའི་ཚེ། ཆོས་ཀྱི་སྦྱིན་པ་དེས་ཆུང་ངུ་ན་བྱང་ཆུབ་དུ་ཡང་རེ་བ་{མྱེད་,མེད་}པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཟང་ཟིང་མེད་པར་ཆོས་ཀྱི་སྦྱིན་པ་རྣམ་པར་འབྱེད་པའོ། །
D8.016.0201b03.01དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དགེ་བའི་རྩ་བ་སྐྱེད་ཅིང་ཡོངས་སུ་སྔོ་བ་གང་ཞེ་ན། དགེ་བའི་རྩ་བ་གང་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་ཅིང་། བདག་དང་གཞན་གྱི་སེམས་ཀྱི་ཞིང་
D8.016.0201b04.01ཡོངས་སུ་སྦྱོང་བའི་ཚེ། དགེ་བའི་རྩ་བ་དེ་དག་ཡོངས་སུ་སྔོ་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དགེ་བའི་རྩ་བ་སྐྱེད་ཅིང་ཡོངས་སུ་སྔོ་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
D8.016.0201b05.01པོའི་དཔག་ཏུ་{མྱེད་,མེད་}པའི་འཁོར་བས་ཡོངས་སུ་སྐྱོ་བ་མེད་པ་གང་ཞེ་ན། དགེ་བའི་རྩ་བ་གང་གིས་ཉེ་བར་བརྟེན་ན། སེམས་ཅན་ཡོངས་སུ་སྨྱིན་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་བ་དེ་ལྟ་བུའི་དགེ་བའི་རྩ་བས་ཉེ་བར་རྟོན་ཅིང་།
D8.016.0201b06.01རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་ཀྱི་བར་དུ་ནམ་ཡང་སྐྱོ་བར་{མྱི་,མི་}འགྱུར་བ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དཔག་ཏུ་{མྱེད་,མེད་}པའི་འཁོར་བས་ཡོངས་སུ་སྐྱོ་བ་{མྱེད་,མེད་}པའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
D8.016.0201b07.01