完整藏文原文 · 德格版页 当前仅加载第 16 函德格 176b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཅད་སྐྱོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་སྐྱོབ་པ་སྟེ། འདི་ནི་འཇིག་རྟེན་ཐམས་ཅད་སྐྱོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཏིང་ངེ་འཛིན་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་
D8.016.0176b01.01ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ལ་འཁྲུག་པ་ཡང་{མྱི་,མི་}{དམྱིགས་,དམིགས་}རྩེ་གཅིག་ཀྱང་{མྱི་,མི་}{དམྱིགས་,དམིགས་}པ་སྟེ། འདི་ནི་ཏིང་ངེ་འཛིན་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རྡུལ་{མྱེད་,མེད་}ཅིང་རྡུལ་དང་བྲལ་བའི་ཚུལ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན།
D8.016.0176b02.01ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་དང་ཆོས་ཐམས་ཅད་རྡུལ་ཅན་དང་རྡུལ་དང་བྲལ་བར་མཉམ་པ་ཉིད་དུ་རྟོགས་པ་སྟེ། འདི་ནི་རྡུལ་{མྱེད་,མེད་}ཅིང་རྡུལ་དང་བྲལ་བའི་ཚུལ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཉོན་མོངས་པ་{མྱེད་,མེད་}པར་ཡང་དག་
D8.016.0176b03.01པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཉོན་མོངས་པ་{མྱེད་,མེད་}པར་འགྱུར་བ་སྟེ། འདི་ནི་ཉོན་མོངས་པ་{མྱེད་,མེད་}པར་ཡང་དག་པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཉོན་མོངས་པ་དང་བཅས་པ་ཐམས་
D8.016.0176b04.01ཅད་ཉོན་མོངས་པ་{མྱེད་,མེད་}པར་ཡང་དག་པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཉོན་མོངས་པ་{མྱེད་,མེད་}པར་ཡང་དག་པར་གཞོལ་བ་འཐོབ་པར་འགྱུར་བ་སྟེ། འདི་ནི་ཉོན་མོངས་པ་དང་བཅས་པ་
D8.016.0176b05.01ཐམས་ཅད་ཉོན་མོངས་པ་{མྱེད་,མེད་}པར་ཡང་དག་པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གནས་{དམྱིགས་,དམིགས་}སུ་{མྱེད་,མེད་}པ་ལ་བརྩོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཀུན་གཞི་ཉེ་བར་{མྱི་,མི་}{དམྱིགས་,དམིགས་}པ་
D8.016.0176b06.01སྟེ། འདི་ནི་གནས་{དམྱིགས་,དམིགས་}སུ་{མྱེད་,མེད་}པ་ལ་བརྩོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དེ་བཞིན་ཉིད་ལ་གནས་ཤིང་། སེམས་{མྱེད་,མེད་}པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་ཕྱིར་{མྱི་,མི་}ལྡོག་
D8.016.0176b07.01