藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 40b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

འཇུག་པ་རྣམས་ལ་གནས་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དེ་དག་{མྱེད་,མེད་}པའི་ཕྱིར་ཏེ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་{མྱེད་,མེད་}དོ། །

D8.016.0040b01.01
2

རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་སྨོན་པ་{མྱེད་,མེད་}པ་ལ་གནས་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་

D8.016.0040b02.01
3

མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་དེ་དག་{མྱེད་,མེད་}པའི་ཕྱིར་ཏེ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་{མྱེད་,མེད་}དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་

D8.016.0040b03.01
4

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མངོན་པར་ཤེས་པ་རྣམས་ལ་གནས་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། མངོན་པར་ཤེས་པ་དེ་དག་{མྱེད་,མེད་}པའི་ཕྱིར་ཏེ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་

D8.016.0040b04.01
5

བྱང་ཆུབ་སེམས་དཔའི་ཚིག་གི་དོན་{མྱེད་,མེད་}དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཏིང་ངེ་འཛིན་རྣམས་ལ་གནས་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་དེ་དག་{མྱེད་,མེད་}པའི་ཕྱིར་ཏེ། རབ་འབྱོར་དེ་

D8.016.0040b05.01
6

བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་{མྱེད་,མེད་}དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་

D8.016.0040b06.01
7

གཟུངས་ཀྱི་སྒོ་རྣམས་ལ་གནས་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། གཟུངས་ཀྱི་སྒོ་དེ་དག་{མྱེད་,མེད་}པའི་ཕྱིར་ཏེ། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་{མྱེད་,མེད་}དོ། །

D8.016.0040b07.01