藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 287b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བ་གང་ཡིན་པ་དང་། {མྱི་,མི་}འགྲངས་པ་གང་ཡིན་པ་དང་། {མྱི་,མི་}དཔོགས་པ་གང་ཡིན་པ་དང་། ཆོས་ཐམས་ཅད་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་{དམྱིགས་,དམིགས་}སུ་{མྱེད་,མེད་}པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་{མྱེད་,མེད་}པའི་ཕྱིར། སེམས་ཅན་{མྱེད་,མེད་}པར་

D8.016.0287b01.01
2

རིག་པར་བྱའོ། །སེམས་ཅན་{མྱེད་,མེད་}པའི་ཕྱིར་སྲོག་{མྱེད་,མེད་}པར་རིག་པར་བྱའོ། །སྲོག་{མྱེད་,མེད་}པའི་ཕྱིར་འགྲོ་བ་{མྱེད་,མེད་}པར་རིག་པར་བྱའོ། །འགྲོ་བ་{མྱེད་,མེད་}པའི་ཕྱིར་གསོ་བ་{མྱེད་,མེད་}པར་རིག་པར་བྱའོ། །གསོ་བ་{མྱེད་,མེད་}པའི་ཕྱིར་སྐྱེས་བུ་{མྱེད་,མེད་}པར་

D8.016.0287b02.01
3

རིག་པར་བྱའོ། །སྐྱེས་བུ་{མྱེད་,མེད་}པའི་ཕྱིར་གང་ཟག་{མྱེད་,མེད་}པར་རིག་པར་བྱའོ། །གང་ཟག་{མྱེད་,མེད་}པའི་ཕྱིར་ཤེད་ཅན་{མྱེད་,མེད་}པར་རིག་པར་བྱའོ། །ཤེད་ཅན་{མྱེད་,མེད་}པའི་ཕྱིར་ཤེད་བདག་{མྱེད་,མེད་}པར་རིག་པར་བྱའོ། །ཤེད་བདག་{མྱེད་,མེད་}པའི་ཕྱིར་བྱེད་

D8.016.0287b03.01
4

པ་པོ་{མྱེད་,མེད་}པར་རིག་པར་བྱའོ། །བྱེད་པ་པོ་{མྱེད་,མེད་}པའི་ཕྱིར་ཚོར་བ་པོ་{མྱེད་,མེད་}པར་རིག་པར་བྱའོ། །ཚོར་བ་པོ་{མྱེད་,མེད་}པའི་ཕྱིར་ཤེས་པ་པོ་{མྱེད་,མེད་}པར་རིག་པར་བྱའོ། །ཤེས་པ་པོ་{མྱེད་,མེད་}པའི་ཕྱིར་མཐོང་བ་པོ་{མྱེད་,མེད་}པར་རིག་པར་བྱའོ། །མཐོང་

D8.016.0287b04.01
5

བ་པོ་{མྱེད་,མེད་}པའི་ཕྱིར་བསམ་གྱིས་{མྱི་,མི་}ཁྱབ་པའི་དབྱིངས་{མྱེད་,མེད་}པར་རིག་པར་བྱའོ། །བསམ་གྱིས་{མྱི་,མི་}ཁྱབ་པའི་དབྱིངས་{མྱེད་,མེད་}པའི་ཕྱིར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་{མྱེད་,མེད་}པར་རིག་པར་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་{མྱེད་,མེད་}པའི་ཕྱིར།

D8.016.0287b05.01
6

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་{མྱེད་,མེད་}པར་རིག་པར་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་{མྱེད་,མེད་}པའི་ཕྱིར་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་{མྱེད་,མེད་}པར་རིག་པར་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པས་{མྱེད་,མེད་}པའི་ཕྱིར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་

D8.016.0287b06.01
7

{མྱེད་,མེད་}པར་རིག་པར་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་{མྱེད་,མེད་}པའི་ཕྱིར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་{མྱེད་,མེད་}པར་རིག་པར་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་{མྱེད་,མེད་}པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་{མྱེད་,མེད་}པར་རིག་

D8.016.0287b07.01