藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 161b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཕྱིན་པ་སྟེ། དེ་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་།

D8.016.0161b01.01
2

སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་དང་། དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་དང་། རང་བཞིན་

D8.016.0161b02.01
3

སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། {མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་དང་། དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་དེ། དེ་ལ་ནང་སྟོང་པ་ཉིད་གང་ཞེ་ན།

D8.016.0161b03.01
4

ནང་གི་ཆོས་ཞེས་བྱ་བ་ནི། {མྱིག་,མིག་}དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དེ། དེ་ལ་{མྱི་,མི་}རྟག་{མྱི་,མི་}འཇིག་པའི་ཕྱིར། {མྱིག་,མིག་}{མྱིག་,མིག་}གིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །{མྱི་,མི་}རྟག་{མྱི་,མི་}འཇིག་པའི་ཕྱིར། རྣ་བ་རྣ་བས་སྟོང་སྟེ། དེ་

D8.016.0161b04.01
5

ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །{མྱི་,མི་}རྟག་{མྱི་,མི་}འཇིག་པའི་ཕྱིར། སྣ་སྣས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །{མྱི་,མི་}རྟག་{མྱི་,མི་}འཇིག་པའི་ཕྱིར། ལྕེ་ལྕེས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །

D8.016.0161b05.01
6

{མྱི་,མི་}རྟག་{མྱི་,མི་}འཇིག་པའི་ཕྱིར། ལུས་ལུས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །{མྱི་,མི་}རྟག་{མྱི་,མི་}འཇིག་པའི་ཕྱིར། ཡིད་ཡིད་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། འདི་ནི་ནང་སྟོང་པ་ཉིད་ཅེས་

D8.016.0161b06.01
7

བྱའོ། །དེ་ལ་ཕྱི་སྟོང་པ་ཉིད་གང་ཞེ་ན། ཕྱིའི་ཆོས་ཞེས་བྱ་བ་ནི། གཟུགས་དང་སྒྲ་དང་། དྲི་དང་རོ་དང་། རེག་དང་ཆོས་རྣམས་ཏེ། དེ་ལ་{མྱི་,མི་}རྟག་{མྱི་,མི་}འཇིག་པའི་ཕྱིར། གཟུགས་གཟུགས་ཀྱིས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་

D8.016.0161b07.01