完整藏文原文 · 德格版页 当前仅加载第 16 函德格 180a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནང་གི་ལུས་ལ་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་{མྱི་,མི་}བདེ་
D8.016.0180a01.01བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་འདི་ལ་སའི་ཁམས་ཀྱང་ཡོད་དོ། །ཆུའི་ཁམས་དང་། {མྱེའི་,མེའི་}ཁམས་དང་། རླུང་གི་ཁམས་ཀྱང་ཡོད་དོ་ཞེས་
D8.016.0180a02.01བྱ་བར་ཁམས་ཀྱི་རྣམ་པར་ཡང་དག་ཅི་ལྟ་བ་བཞིན་དུ་རབ་ཏུ་རྟོག་སྟེ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། བ་ལང་གི་ཤེན་པའམ། བ་ལང་གི་ཤེན་པའི་མཆན་བུ་མཁས་པས་མཚོན་རྣོན་པོ་ཐོགས་ཏེ། བ་ལང་བསད་ཅིང་བག་བཞིར་གཤགས་ཏེ། དེ་ལྟར་སོ་སོར་ཕྱེ་ནས།
D8.016.0180a03.01འགྲེང་ངམ་འདུག་སྟེ། དེ་ལ་རབ་ཏུ་རྟོག་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་། ལུས་འདི་ལ་སའི་ཁམས་ཀྱང་ཡོད་དོ། །ཆུའི་ཁམས་དང་། {མྱེའི་,མེའི་}ཁམས་དང་། རླུང་གི་ཁམས་ཀྱང་ཡོད་དོ་
D8.016.0180a04.01ཞེས་བྱ་བར་ཁམས་ཀྱི་རྣམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། འགྲེང་ངམ་འདུག་སྟེ། ནང་གི་ལུས་ལ་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་ལུས་
D8.016.0180a05.01ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་{མྱི་,མི་}བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་
D8.016.0180a06.01ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་འདི་ཉིད་ལ་རྐང་པའི་མཐིལ་ཡན་ཆད། སྐྲ་དང་{གླད་པ་,ཀླད་པ་}མན་ཆད་དུ། སེན་མོ་དང་། སྤུ་དང་པགས་པ་ཡན་ཆད་དུ་{མྱི་,མི་}གཙང་བ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་སྟེ། ལུས་འདི་ལ་སྐྲ་དང་། སྤུ་དང་
D8.016.0180a07.01