藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 77b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

{མྱེད་,མེད་}དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱང་ཆགས་པ་{མྱེད་,མེད་}དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་ཆགས་པ་{མྱེད་,མེད་}དོ། །ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱང་ཆགས་པ་{མྱེད་,མེད་}དོ། །དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱང་ཆགས་པ་{མྱེད་,མེད་}དོ། །རང་བཞིན་སྟོང་པ་ཉིད་ཀྱང་ཆགས་པ་{མྱེད་,མེད་}དོ། །

D8.016.0077b01.01
2

ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་ཆགས་པ་{མྱེད་,མེད་}དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་ཆགས་པ་{མྱེད་,མེད་}དོ། །{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་ཀྱང་ཆགས་པ་{མྱེད་,མེད་}དོ། །དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱང་ཆགས་པ་{མྱེད་,མེད་}དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཆགས་པ་{མྱེད་,མེད་}དོ། །དངོས་པོ་{མྱེད་,མེད་}

D8.016.0077b02.01
3

པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཆགས་པ་{མྱེད་,མེད་}དོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །ཡང་དག་པར་སྤོང་བ་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །དབང་པོ་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །སྟོབས་རྣམས་

D8.016.0077b03.01
4

ཀྱང་ཆགས་པ་{མྱེད་,མེད་}དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་ཆགས་པ་{མྱེད་,མེད་}དོ། །འཕགས་པའི་བདེན་པ་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །བསམ་གཏན་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །ཚང་{མྱེད་,མེད་}པ་

D8.016.0077b04.01
5

རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །རྣམ་པར་ཐར་པ་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་།

D8.016.0077b05.01
6

མཚན་མ་{མྱེད་,མེད་}པ་དང་། སྨོན་པར་{མྱེད་,མེད་}པ་ཡང་ཆགས་པ་{མྱེད་,མེད་}དོ། །མངོན་པར་ཤེས་པ་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །ཏིང་ངེ་འཛིན་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །གཟུངས་ཀྱི་སྒོ་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །

D8.016.0077b06.01
7

{མྱི་,མི་}འཇིགས་པ་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །སྙིང་རྗེ་ཆེན་པོ་ཡང་ཆགས་པ་{མྱེད་,མེད་}དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་ཆགས་པ་{མྱེད་,མེད་}དོ། །ཐམས་ཅད་ཤེས་པ་ཉིད་ཀྱང་ཆགས་པ་{མྱེད་,མེད་}དོ། །

D8.016.0077b07.01