藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 261a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

དངོས་པོ་ཞིག་ཡིན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་། {མྱི་,མི་}དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་{མྱི་,མི་}འགྱུར་ཏེ། རབ་འབྱོར་སའི་ཁམས་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་

D8.016.0261a01.01
2

པ་ཡོངས་སུ་བསྒྲུབས་པ་སྟེ། {མྱི་,མི་}རྟག་ཅིང་{མྱི་,མི་}བརྟན་ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་{མྱེད་,མེད་}པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། {མྱི་,མི་}དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་

D8.016.0261a02.01
3

འབྱོར་གལ་ཏེ་ཆུའི་ཁམས་དེ་བཞིན། མ་ནོར་བ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་{མྱི་,མི་}འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ནི། ཐེག་པ་

D8.016.0261a03.01
4

ཆེན་པོ་འདིས་ཀྱང་ལྷ་དང་། {མྱི་,མི་}དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འབྱུང་བར་{མྱི་,མི་}འགྱུར་ཏེ། རབ་འབྱོར་ཆུའི་ཁམས་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། {མྱི་,མི་}རྟག་ཅིང་{མྱི་,མི་}བརྟན་

D8.016.0261a04.01
5

ལ་ཐེར་ཟུག་མ་ཡིན་འགྱུར་བའི་ཆོས་ཅན་ཏེ། དངོས་པོ་{མྱེད་,མེད་}པས་དེའི་ཕྱིར་ཐེག་པ་ཆེན་པོ་འདིས་ལྷ་དང་། {མྱི་,མི་}དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ་འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་{མྱེའི་,མེའི་}ཁམས་དེ་བཞིན།

D8.016.0261a05.01
6

མ་ནོར་བ་དེ་བཞིན། གཞན་མ་ཡིན་པ་དེ་བཞིན་ཏེ། ཕྱིན་ཅི་ལོག་མ་ཡིན་ལ་བདེན་པ་ཡང་དག་པ་སྟེ། ཇི་ལྟ་བ་བཞིན་དུ་རྟག་ཅིང་བརྟན་ལ་ཐེར་ཟུག་{མྱི་,མི་}འགྱུར་བའི་ཆོས་ཅན་གྱི་དངོས་པོ་ཞིག་ཡིན་ནི། ཐེག་པ་ཆེན་པོ་འདིས་ཀྱང་ལྷ་དང་།

D8.016.0261a06.01
7

{མྱི་,མི་}དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་འབྱུང་བར་{མྱེ་,མེ་}འགྱུར་ཏེ། རབ་འབྱོར་{མྱེའི་,མེའི་}ཁམས་དེ་རྣམ་པར་བརྟགས་པ། རྣམ་པར་བསྐྱེད་པ། ཡོངས་སུ་བསྒྲུབས་པ་སྟེ། {མྱི་,མི་}རྟག་ཅིང་{མྱི་,མི་}བརྟན་ལ་ཐེར་ཟུག་མ་

D8.016.0261a07.01