藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 79b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །རབ་འབྱོར་ཀྱིས་སྨྲས་པ་དེ་ཡིན་ཏེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་སེམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་

D8.016.0079b01.01
2

ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །ཉན་ཐོས་རྣམས་ཀྱི་སེམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །རང་སངས་རྒྱས་རྣམས་ཀྱི་སེམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །སངས་རྒྱས་བཅོམ་

D8.016.0079b02.01
3

ལྡན་འདས་རྣམས་ཀྱི་ཐུགས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ལྟ་ཡིན་ན། གཟུགས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །ཚོར་བ་ཡང་རང་

D8.016.0079b03.01
4

བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །འདུ་ཤེས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །འདུ་བྱེད་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །རྣམ་པར་ཤེས་

D8.016.0079b04.01
5

པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །{མྱིག་,མིག་}ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །རྣ་བ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །སྣ་ཡང་རང་བཞིན་

D8.016.0079b05.01
6

སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །ལྕེ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །ལུས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །ཡིད་ཀྱང་རང་བཞིན་སྟོང་

D8.016.0079b06.01
7

པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །གཟུགས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །སྒྲ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །དྲི་ཡང་རང་བཞིན་

D8.016.0079b07.01