藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 43b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །རོ་འབྱུང་བ་མེད་པ་ལ་གནས་མེད་དོ། །རོ་མི་{དམྱིགས་,དམིགས་}པ་ལ་གནས་མེད་དོ། །རབ་འབྱོར་རེག་སྐྱེ་བ་མེད་པ་ལ་གནས་མེད་དོ། །རེག་འགག་པ་མེད་པ་ལ་གནས་མེད་དོ། །རེག་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་

D8.016.0043b01.01
2

པར་བྱང་བ་མེད་པ་ལ་གནས་མེད་དོ། །རེག་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །རེག་འབྱུང་བ་མེད་པ་ལ་གནས་མེད་དོ། །རེག་མི་{དམྱིགས་,དམིགས་}པ་ལ་གནས་མེད་དོ། །རབ་འབྱོར་ཆོས་སྐྱེ་བ་མེད་པ་ལ་གནས་མེད་དོ། །ཆོས་འགག་པ་{མྱེད་,མེད་}པ་ལ་གནས་

D8.016.0043b02.01
3

མེད་དོ། །ཆོས་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་{མྱེད་,མེད་}པ་ལ་གནས་མེད་དོ། །ཆོས་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །ཆོས་འབྱུང་བ་མེད་པ་ལ་གནས་མེད་དོ། །ཆོས་མི་{དམྱིགས་,དམིགས་}པ་ལ་གནས་མེད་དོ། །རབ་འབྱོར་མིག་གི་

D8.016.0043b03.01
4

རྣམ་པར་ཤེས་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། །{མྱིག་,མིག་}གི་རྣམ་པར་ཤེས་པ་འགག་པ་མེད་པ་ལ་གནས་མེད་དོ། །མིག་གི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་{མྱེད་,མེད་}པ་ལ་གནས་མེད་དོ། །{མྱིག་,མིག་}གི་རྣམ་པར་ཤེས་པ་མངོན་པར་

D8.016.0043b04.01
5

འདུ་བྱ་བ་མེད་པ་ལ་གནས་མེད་དོ། །{མྱིག་,མིག་}གི་རྣམ་པར་ཤེས་པ་འབྱུང་བ་མེད་པ་ལ་གནས་མེད་དོ། །{མྱིག་,མིག་}གི་རྣམ་པར་ཤེས་པ་མི་{དམྱིགས་,དམིགས་}པ་ལ་གནས་མེད་དོ། །རབ་འབྱོར་རྣ་བའི་རྣམ་པར་ཤེས་པ་སྐྱེ་བ་མེད་པ་ལ་གནས་མེད་དོ། །རྣ་བའི་རྣམ་པར་ཤེས་

D8.016.0043b05.01
6

པ་འགག་པ་མེད་པ་ལ་གནས་མེད་དོ། །རྣ་བའི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གནས་མེད་དོ། །རྣ་བའི་རྣམ་པར་ཤེས་པ་མངོན་པར་འདུ་བྱ་བ་མེད་པ་ལ་གནས་མེད་དོ། །རྣ་བའི་རྣམ་པར་ཤེས་པ་འབྱུང་

D8.016.0043b06.01
7

བ་མེད་པ་ལ་གནས་མེད་དོ། །རྣ་བའི་རྣམ་པར་ཤེས་པ་མི་{དམྱིགས་,དམིགས་}པ་ལ་གནས་མེད་དོ། །རབ་འབྱོར་སྣའི་རྣམ་ཤེས་པ་སྐྱེ་བ་{མྱེད་,མེད་}པ་ལ་གནས་མེད་དོ། །སྣའི་རྣམ་པར་ཤེས་པ་འགག་པ་མེད་པ་ལ་གནས་མེད་དོ། །སྣའི་རྣམ་པར་ཤེས་པ་ཀུན་ནས་

D8.016.0043b07.01