藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 29a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཚོར་བ་ལ་གནས་{མྱེད་,མེད་}དོ། །འདུ་ཤེས་ལ་གནས་{མྱེད་,མེད་}དོ། །འདུ་བྱེད་ལ་གནས་མེད་དོ། །རྣམ་པར་ཤེས་པ་ལ་གནས་{མྱེད་,མེད་}དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་

D8.016.0029a01.01
2

སེམས་དཔའི་ཚིག་གི་དོན་{མྱེད་,མེད་}དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་མིག་ལ་གནས་{མྱེད་,མེད་}དོ། །རྣ་བ་ལ་གནས་{མྱེད་,མེད་}དོ། །སྣ་ལ་གནས་{མྱེད་,མེད་}དོ། །ལྕེ་ལ་གནས་{མྱེད་,མེད་}དོ། །ལུས་ལ་གནས་{མྱེད་,མེད་}དོ། །ཡིད་ལ་གནས་{མྱེད་,མེད་}དོ། །རབ་འབྱོར་དེ་བཞིན་དུ་བྱང་

D8.016.0029a02.01
3

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་{མྱེད་,མེད་}དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་གཟུགས་ལ་གནས་{མྱེད་,མེད་}དོ། །སྒྲ་ལ་གནས་{མྱེད་,མེད་}དོ། །དྲི་ལ་གནས་{མྱེད་,མེད་}དོ། །

D8.016.0029a03.01
4

རོ་ལ་གནས་{མྱེད་,མེད་}དོ། །རེག་ལ་གནས་{མྱེད་,མེད་}དོ། །ཆོས་ལ་གནས་{མྱེད་,མེད་}དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་{མྱེད་,མེད་}དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན།

D8.016.0029a04.01
5

སྒྱུ་མའི་སྐྱེས་བུའི་{མྱིག་,མིག་}གི་རྣམ་པར་ཤེས་པ་ལ་གནས་{མྱེད་,མེད་}དོ། །རྣ་བའི་རྣམ་པར་ཤེས་པ་ལ་གནས་{མྱེད་,མེད་}དོ། །སྣའི་རྣམ་པར་ཤེས་པ་ལ་གནས་{མྱེད་,མེད་}དོ། །ལྕེའི་རྣམ་པར་ཤེས་པ་ལ་གནས་{མྱེད་,མེད་}དོ། །ལུས་ཀྱི་རྣམ་པར་ཤེས་པ་ལ་གནས་{མྱེད་,མེད་}དོ། །ཡིད་ཀྱི་རྣམ་

D8.016.0029a05.01
6

པར་ཤེས་པ་ལ་གནས་{མྱེད་,མེད་}དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་{མྱེད་,མེད་}དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་{མྱིག་,མིག་}གི་འདུས་

D8.016.0029a06.01
7

ཏེ་རེག་པ་ལ་གནས་{མྱེད་,མེད་}དོ། །རྣ་བའི་འདུས་ཏེ་རེག་པ་ལ་གནས་{མྱེད་,མེད་}དོ། །སྣའི་འདུས་ཏེ་རེག་པ་ལ་གནས་{མྱེད་,མེད་}དོ། །ལྕེའི་འདུས་ཏེ་རེག་པ་ལ་གནས་{མྱེད་,མེད་}དོ། །ལུས་ཀྱི་འདུས་ཏེ་རེག་པ་ལ་གནས་{མྱེད་,མེད་}དོ། །ཡིད་ཀྱི་འདུས་ཏེ་རེག་པ་ལ་གནས་{མྱེད་,མེད་}དོ། །

D8.016.0029a07.01