完整藏文原文 · 德格版页 当前仅加载第 16 函德格 29b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་{མྱེད་,མེད་}དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུའི་{མྱིག་,མིག་}གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་གནས།
D8.016.0029b01.01{མྱེད་,མེད་}དོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་གནས་{མྱེད་,མེད་}དོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་གནས་{མྱེད་,མེད་}དོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་གནས་{མྱེད་,མེད་}དོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་གནས་{མྱེད་,མེད་}
D8.016.0029b02.01དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་གནས་{མྱེད་,མེད་}དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་{མྱེད་,མེད་}དོ། །རབ་འབྱོར་འདི་ལྟ་སྟེ་
D8.016.0029b03.01དཔེར་ན། སྒྱུ་མའི་སྐྱེས་བུའི་སའི་ཁམས་ལ་གནས་{མྱེད་,མེད་}དོ། །ཆུའི་ཁམས་ལ་གནས་{མྱེད་,མེད་}དོ། །{མྱེའི་,མེའི་}ཁམས་ལ་གནས་{མྱེད་,མེད་}དོ། །རླུང་གི་ཁམས་ལ་གནས་{མྱེད་,མེད་}དོ། །ནམ་མཁའི་ཁམས་ལ་གནས་{མྱེད་,མེད་}དོ། །རྣམ་པར་ཤེས་པའི་ཁམས་ལ་གནས་{མྱེད་,མེད་}དོ། །རབ་
D8.016.0029b04.01འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་{མྱེད་,མེད་}དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། །སྒྱུ་མའི་སྐྱེས་བུའི་མ་རིག་པ་ལ་གནས་{མྱེད་,མེད་}དོ། །འདུ་བྱེད་ལ་གནས་{མྱེད་,མེད་}དོ། །
D8.016.0029b05.01རྣམ་པར་ཤེས་པ་ལ་གནས་{མྱེད་,མེད་}དོ། །{མྱིང་,མིང་}དང་གཟུགས་ལ་གནས་{མྱེད་,མེད་}དོ། །སྐྱེ་མཆེད་དྲུག་ལ་གནས་{མྱེད་,མེད་}དོ། །རེག་པ་ལ་གནས་{མྱེད་,མེད་}དོ། །ཚོར་བ་ལ་གནས་{མྱེད་,མེད་}དོ། །སྲེད་པ་ལ་གནས་{མྱེད་,མེད་}དོ། །ལེན་པ་ལ་གནས་{མྱེད་,མེད་}དོ། །སྲིད་པ་ལ་གནས་{མྱེད་,མེད་}དོ། །སྐྱེ་བ་ལ་
D8.016.0029b06.01གནས་{མྱེད་,མེད་}དོ། །རྒ་ཤི་ལ་གནས་{མྱེད་,མེད་}དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་{མྱེད་,མེད་}དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མའི་སྐྱེས་བུ་སྦྱིན་པའི་ཕ་
D8.016.0029b07.01