藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 173a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཏིང་ངེ་འཛིན་ཏོ། །དེ་ལ་བྱ་བ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། བྱ་བ་ཐམས་ཅད་ཀུན་སྤོང་པ་སྟེ། འདི་ནི་བྱ་བ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ངེས་པའི་{མྱིང་,མིང་}ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་

D8.016.0173a01.01
2

འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ངེས་པའི་ཚིག་ཐམས་ཅད་ནི་ཡང་དག་པར་{དམྱིགས་,དམིགས་}སུ་{མྱེད་,མེད་}ཅིང་ཐ་སྙད་ལ་ལྟོས་པ་ཙམ་མོ་ཞེས་རྟོག་པ་འཇུག་པ་སྟེ། འདི་ནི་ངེས་པའི་{མྱིང་,མིང་}ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གནས་{མྱེད་,མེད་}པར་སྤྱོད་པ་

D8.016.0173a02.01
3

ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་གནས་{དམྱིགས་,དམིགས་}པ་{མྱེད་,མེད་}པ་སྟེ། འདི་ནི་གནས་{མྱེད་,མེད་}པར་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་རབ་རིབ་{མྱེད་,མེད་}པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་

D8.016.0173a03.01
4

དེ་ལ་གནས་ཤིང་། ཆོས་ཐམས་ཅད་ཀྱི་རབ་རིབ་རྣམ་པར་སེལ་བ་སྟེ། འདི་ནི་རབ་རིབ་{མྱེད་,མེད་}པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སྤྱོད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་པ་ཡང་

D8.016.0173a04.01
5

དག་པར་རྗེས་སུ་{མྱི་,མི་}མཐོང་བ་སྟེ། འདི་ནི་སྤྱོད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གཡོ་བ་{མྱེད་,མེད་}པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་གཡོ་བ་{མྱེད་,མེད་}པར་ཡང་དག་པར་རྗེས་སུ་མཐོང་བ་

D8.016.0173a05.01
6

སྟེ། འདི་ནི་གཡོ་བ་{མྱེད་,མེད་}པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཡུལ་ལས་རྒལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡུལ་ལས་ཡང་དག་པར་འདའ་བ་སྟེ། འདི་ནི་ཡུལ་ལས་རྒལ་བ་ཞེས་བྱ་བའི་

D8.016.0173a06.01
7

ཏིང་ངེ་འཛིན་ཏོ། །དེ་ལ་ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་ཐམས་ཅད་དང་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཡོན་ཏན་གྱི་ཚོགས་རྗེས་སུ་འཐོབ་པ་སྟེ། འདི་ནི་ཡོན་ཏན་ཐམས་ཅད་ཀྱི་

D8.016.0173a07.01