完整藏文原文 · 德格版页 当前仅加载第 1 函德格 1b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
༄༅༅། །རྒྱ་གར་སྐད་དུ། བི་ན་ཡ་བསྟུ། བོད་སྐད་དུ། འདུལ་བ་གཞི། བམ་པོ་དང་པོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་གིས་འཆིང་
D1.001.0001b01.01རྣམས་ཡང་དག་རབ་བཅད་ཅིང་། །མུ་སྟེགས་ཚོགས་རྣམས་ཐམས་ཅད་རབ་བཅོམ་སྟེ། །སྡེ་དང་བཅས་པའི་བདུད་རྣམས་ངེས་བཅོམ་ནས། །བྱང་ཆུབ་འདི་བརྙེས་དེ་ལ་
D1.001.0001b02.01ཕྱག་འཚལ་ལོ། །ཁྱིམ་དོན་ཆེ་ཆུང་སྤངས་ཏེ་དང་པོར་རབ་འབྱུང་དཀའ། །རབ་བྱུང་ཐོབ་ནས་ཡུལ་སྤྱད་དག་གིས་དགའ་ཐོབ་དཀའ། །མངོན་དགའ་ཇི་བཞིན་དོན་བསྐྱེད་ཡང་
D1.001.0001b03.01དག་བྱེད་པ་དཀའ། །ངུར་སྨྲིག་གོས་འཆང་མཁས་པ་ཚུལ་ལས་ཉམས་པ་དཀའ། །གཞི་རྣམས་ཀྱི་སྤྱི་སྡོམ་ལ། རབ་འབྱུང་གསོ་སྦྱོང་གཞི་དང་ནི། །དགག་དབྱེ་དབྱར་དང་ཀོ་
D1.001.0001b04.01ལྤགས་གཞི། །སྨན་དང་གོས་དང་སྲ་བརྐྱང་དང་། །ཀཽ་ཤཱམ་བཱི་དང་ལས་ཀྱི་གཞི། །དམར་སེར་ཅན་དང་གང་ཟག་དང་། །སྤོ་དང་གསོ་སྦྱོང་བཞག་པ་དང་། །གནས་མལ་དང་ནི་
D1.001.0001b05.01