完整藏文原文 · 德格版页 当前仅加载第 38 函德格 277b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་{བཟངས་ཀྱིས་,བཟང་གིས་}གསེར་འཚོང་གཅེས་པ་གཏོང་བའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། གསེར་འཚོང་གཅེས་པ་གཏོང་བ་ལ་ལན་བརྒྱ་སྟོང་
D44.038.0277b01.01དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ཡང་དང་ཡང་བལྟས་ཏེ། གསེར་འཚོང་གཅེས་པ་གཏོང་བའི་དྲུང་ནས་སོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་ནོར་{བཟངས་,བཟང་}ཁྱིམ་བདག་ཟླ་བ་བཟང་པོ་གང་ན་བ་དེར་སོང་སྟེ། ཁྱིམ་བདག་ཟླ་བ་བཟང་པོའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་
D44.038.0277b02.01ནས་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །འཕགས་པ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་
D44.038.0277b03.01བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ། །ཞེས་བདག་གིས་ཐོས་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་
D44.038.0277b04.01འཕགས་པས་བདག་ལ་བསྟན་དུ་གསོལ། སྨྲས་པ་རིགས་ཀྱི་བུ་ཁོ་བོས་ནི་རྣམ་པར་ཐར་པ་ཡེ་ཤེས་དྲི་མ་མེད་པའི་འོད་ཅེས་བྱ་བ་ཐོབ་སྟེ། རིགས་ཀྱི་བུ་ཁོ་བོས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་ཡེ་ཤེས་དྲི་མ་{མྱེད་,མེད་}པའི་འོད་འདི་ཤེས་པར་ཟད་ན། ཁོ་བོས་བྱང་ཆུབ་སེམས་དཔའི་
D44.038.0277b05.01རྣམ་པར་ཐར་པ་ཚད་མེད་པ་ཐོབ་པ་རྣམས་ཀྱི་སྤྱོད་པ་ཤེས་པའམ། ཡོན་ཏན་བརྗོད་པར་ནུས་རེ་སྐན། །སོང་རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་གྲོང་ཁྱེར་{རི་དགས་,རི་དྭགས་}གནས་ཤེས་བྱ་བ་ཡོད་དེ། དེ་ན་ཁྱིམ་བདག་{མྱི་,མི་}ཕམ་སྡེ་ཞེས་བྱ་བ་འདུག་གིས་དེའི་གན་དུ་སོང་ལ་ཇི་
D44.038.0277b06.01ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བྱ་བ་དང་། ཇི་ལྟར་ནན་ཏན་དུ་བྱ་བ་དྲིས་ཤིག །དེ་ནས་ཚོང་དཔོན་གྱི་བུ་ནོར་{བཟངས་ཀྱིས་,བཟང་གིས་}ཁྱིམ་བདག་ཟླ་བ་བཟང་པོའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཁྱིམ་བདག་ཟླ་བ་བཟང་པོ་ལ་ལན་བརྒྱ་
D44.038.0277b07.01