完整藏文原文 · 德格版页 当前仅加载第 6 函德格 128a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དུ་འཇུད་པ་ན་ལུག་བལ་ནག་པོ་འབའ་ཞིག་དཀོན་ཞིང་རིན་ཆེ་བས་བྱ་བ་མང་བ་དང་། བྱེད་པ་མང་བར་གྱུར་ཅིང་། ལུང་མནོད་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་ཀྱང་གཏོང་
D3.006.0128a01.01བར་བྱེད། ལུག་བལ་ནག་པོ་འབའ་ཞིག་འདོད་པ་དང་། ལུག་བལ་ནག་པོ་འབའ་ཞིག་གི་དོན་ཉིད་དུ་འོངས་པ་དག་བྲམ་ཟེ་དང་། ཁྱིམ་བདག་རྣམས་ལ་ཡང་དང་ཡང་དུ་རིག་པར་བྱེད་ནས། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར། དགེ་སློང་དག་ལུག་གི་བལ་ནག་པོ་འབའ་
D3.006.0128a02.01ཞིག་གི་སྟན་སར་པ་བྱེད་པ་དང་། བྱེད་དུ་འཇུད་དེ། དགེ་སློང་དག་ལུག་བལ་ནག་པོ་འབའ་ཞིག་གི་སྟན་སར་པ་བྱེད་པ་དང་། བྱེད་དུ་འཇུད་པ་ན་ལུག་བལ་ནག་པོ་འབའ་ཞིག་དཀོན་ཞིང་རིན་ཆེ་བས་བྱ་བ་མང་བ་དང་། བྱེད་པ་མང་བར་གྱུར་ཅིང་། ལུང་མནོད་པ་དང་། བཀླག་
D3.006.0128a03.01པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་ཀྱང་གཏོང་བར་བྱེད། ལུག་བལ་ནག་པོ་འབའ་ཞིག་འདོད་པ་དང་། ལུག་བལ་ནག་པོ་འབའ་ཞིག་གི་དོན་ཉིད་དུ་འོངས་པ་དག་བྲམ་ཟེ་དང་། ཁྱིམ་བདག་རྣམས་ལ་ཡང་དང་
D3.006.0128a04.01ཡང་དུ་རིག་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་
D3.006.0128a05.01བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་རྨས་པ། དགེ་སློང་དག་ཁྱེད་ལུག་བལ་
D3.006.0128a06.01ནག་པོ་འབའ་ཞིག་གི་སྟན་སར་པ་བྱེད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདོད་པ་ཆེ་བ་དང་། ཆོག་མི་ཤེས་པ་དང་། གསོ་དཀའ་བ་དང་། དགང་དཀའ་བ་རྣམ་པར་སྨད་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདོད་པ་
D3.006.0128a07.01