完整藏文原文 · 德格版页 当前仅加载第 6 函德格 225a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བྱས་ཀྱིས་གླེང་བ་དང་། གཞི་མེད་པར་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པས་གླེང་བའོ། །{བརྫུན་,རྫུན་}དུ་སྨྲ་བ་རྣམ་པ་བརྒྱད་གང་ཞེ་ན། གཞི་མེད་པར་ཕམ་
D3.006.0225a01.01པར་འགྱུར་བ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ཀྱིས་གླེང་བ་དང་། གཞི་མེད་པར་མཐོང་བ་དང་། ཐོས་པ་དང་། དོགས་པས་གླེང་བའོ། །{བརྫུན་,རྫུན་}དུ་སྨྲ་བ་རྣམ་པ་
D3.006.0225a02.01བདུན་གང་ཞེ་ན། གཞི་མེད་པར་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པས་གླེང་བ་དང་། གཞི་མེད་པར་མཐོང་བ་དང་། ཐོས་པ་དང་། དོགས་པས་གླེང་བའོ། །{བརྫུན་,རྫུན་}དུ་སྨྲ་
D3.006.0225a03.01བ་རྣམ་པ་དྲུག་གང་ཞེ་ན། དགེ་སློང་{བརྫུན་,རྫུན་}དུ་སྨྲ་བར་འདོད་པ་ནི་འདི་སྙམ་དུ་{བརྫུན་,རྫུན་}སྨྲ་བར་བྱའོ་སྙམ་པ་དང་། {བརྫུན་,རྫུན་}སྨྲ་བ་ན་འདི་སྙམ་དུ་{བརྫུན་,རྫུན་}སྨྲའོ་སྙམ་པ་དང་། {བརྫུན་,རྫུན་}སྨྲས་པ་ན་འདི་སྙམ་དུ་{བརྫུན་,རྫུན་}སྨྲས་སོ་སྙམ་པ་དང་། དགེ་སློང་གཞི་མེད་པར་
D3.006.0225a04.01མཐོང་བ་དང་། ཐོས་པ་དང་། དོག་པས་{བརྫུན་,རྫུན་}སྨྲ་བའོ། །{བརྫུན་,རྫུན་}དུ་སྨྲ་བ་རྣམ་པ་ལྔ་གང་ཞེ་ན། གཞི་མེད་པར་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ཀྱིས་གླེང་
D3.006.0225a05.01བའོ། །{བརྫུན་,རྫུན་}དུ་སྨྲ་བ་རྣམ་པ་བཞི་གང་ཞེ་ན། གཞི་མེད་པར་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པས་གླེང་བའོ། །{བརྫུན་,རྫུན་}དུ་སྨྲ་བ་རྣམ་པ་གསུམ་གང་ཞེ་ན། གཞི་མེད་པར་མཐོང་བ་དང་།
D3.006.0225a06.01ཐོས་པ་དང་། དོགས་པས་གླེང་བའོ། །གཞན་ཡང་{བརྫུན་,རྫུན་}དུ་སྨྲ་བ་རྣམ་པ་གསུམ་གང་ཞེ་ན། {བརྫུན་,རྫུན་}སྨྲ་བར་འདོད་པ་ན་འདི་སྙམ་དུ་{བརྫུན་,རྫུན་}དུ་སྨྲ་བར་བྱའོ་སྙམ་པ་དང་། {བརྫུན་,རྫུན་}དུ་སྨྲ་བ་ན་འདི་སྙམ་དུ་{བརྫུན་,རྫུན་}དུ་སྨྲའོ་སྙམ་པ་དང་། {བརྫུན་,རྫུན་}དུ་སྨྲས་པ་ན་འདི་སྙམ་དུ་{བརྫུན་,རྫུན་}སྨྲས་སོ་སྙམ་
D3.006.0225a07.01