藏传佛教 · 德格甘珠尔 · 律藏

德格《甘珠尔》D3

'dul ba rnam par 'byed pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D3

完整藏文原文 · 德格版页 当前仅加载第 6 函德格 172b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བཏག་པར་བྱའོ། །ཆུང་མས་སྨྲས་པ། རྗེའི་སྲས་དེ་དགེ་སྦྱོང་ཧྲལ་པོ་དེ་ལྟ་བུ་ཡིན་པས་བདག་ཅག་གིས་རས་ཡུག་ཆེན་དེ་ལྟ་བུར་བྱས་ན་དེས་བཏང་རེ་སྐན། དེས་རས་ཡུག་ཆེན་དེ་བཏགས་ནས་དེ་རས་ཡུག་ཆེན་དེ་ཐགས་ལས་འགྲོལ་ཞིང་འདུག་པ་ན་ཉེ་དགའ་ཡང་འོངས་

D3.006.0172b01.01
2

ནས་ཉེ་{དགའས་,དགས་}རས་ཡུག་ཆེན་དེ་བླངས་པ་དང་། སྤྱི་ཅེར་གྱིས་སྨྲས་པ། འཕགས་པ་བདག་ལ་སྐོམ་ཟོང་སྩོལ་ཅིག །བཀྲེན་པ་ཁོ་བོ་ཁྱོད་ཀྱི་སྐོམ་ཟོང་དབུལ་བ་ཡིན་ནམ། དུག་ཅིའི་ཕྱིར་མི་བརྒྱུད། ནུར་རྩི་ཅིའི་ཕྱིར་མི་བརྒྱུད། དེ་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་

D3.006.0172b02.01
3

གི་ཚུལ་ནི་ཚིག་གོ། །བྲམ་ཟེའི་ཚུལ་ནི་ཚིག་སྟེ། འདི་ལྟར་ཁའི་ཆོས་ཅུང་ཟད་ཀྱིས་ཀྱང་འཐག་ཏུ་བཅུག་གོ། །རྒྱལ་པོའི་ཕོ་བྲང་གི་མཐུ་ཅུང་ཟད་ཀྱིས་ཀྱང་འཐག་ཏུ་བཅུག་གོ་ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་

D3.006.0172b03.01
4

བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་

D3.006.0172b04.01
5

པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉེ་དགའ་ལ་རྨས་པ། ཉེ་དགའ་ཁྱོད་ཀྱིས་མི་མཛེས་པ་དེ་ལྟ་བུ་དེ་བྱས་པར་གྱུར་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་

D3.006.0172b05.01
6

པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་

D3.006.0172b06.01
7

བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་རང་གིས་བསླངས་པའི་དོག་པས་ཐ་

D3.006.0172b07.01