完整藏文原文 · 德格版页 当前仅加载第 42 函德格 115b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
རྟོག་པ་འཇོམས་ཀྱིས་གསོལ་པ། རྣམ་པར་རྟོག་པའི་གཉེན་པོར་ནི། །དབུགས་དབྱུང་རྔུབ་པ་དྲན་གསུངས་པ། །དེ་ལ་བརྩོན་བགྱིས་མ་ཞི་ཞེས། །འདི་ན་ཁྱོད་ལ་རྒོལ་མ་མཆིས། །ལྷའི་བུ་མཚན་མ་མེད་པ་ལྷུར་ལེན་པས་གསོལ་པ། ངའོ་སྙམ་པ་སྤང་སླད་དུ། །སྟོང་ཉིད་ཁྱོད་
D60.042.0115b01.01ཀྱིས་བཀའ་སྩལ་ཏེ། །དེས་ནི་དེ་ཞི་མི་འགྱུར་ཞེས། །འདི་ན་ཁྱོད་ལ་རྒོལ་མ་མཆིས། །ལྷའི་བུ་ངའོ་སྙམ་པའི་ང་རྒྱལ་སྤངས་ཀྱིས་གསོལ་པ། ང་སྙམ་ང་རྒྱལ་སྤང་སླད་དུ། །མཚན་མ་མེད་པ་ཁྱོད་ཀྱིས་གསུངས། །བསྟེན་ཀྱང་ཞི་བར་མི་འགྱུར་ཞེས། །འདི་ན་ཁྱོད་ལ་རྒོལ་མ་
D60.042.0115b02.01མཆིས། །ལྷའི་བུ་སེམས་རྒྱུན་རྣམ་པར་དག་པས་གསོལ་པ། ལྷག་པའི་བསམ་པ་དག་པ་ཡིས། །ཉོན་མོངས་ཐམས་ཅད་འཇིག་པར་འགྱུར། །དེས་ནི་ཉོན་མོངས་མི་ཟད་ཅེས། །འདི་ན་ཁྱོད་ལ་རྒོལ་མ་མཆིས། །ལྷའི་བུ་འདུ་ཤེས་རྣམ་པར་བཤིག་གིས་གསོལ་པ། ཕྱོགས་གང་
D60.042.0115b03.01གཉེན་པོའི་རྣམ་པ་དང་། །ཉོན་མོངས་ལམ་དང་ལམ་འཇུག་ལ། །འཇིགས་པ་མེད་པར་རྒོལ་བ་ནི། །ཐུབ་པ་ཆེན་པོ་མ་མཐོང་ངོ་། །ལྷའི་བུ་ཐ་སྙད་ཤིན་ཏུ་ཤེས་པས་གསོལ་པ། བཅོམ་ལྡན་ཕྱོགས་དང་ཕྱོགས་མིན་དང་། །ཟད་དང་མ་ཟད་ཐ་སྙད་ཙམ། །འཇིགས་པ་མ་མཆིས་རྒོལ་
D60.042.0115b04.01བགྱིད་པ། །ཐུབ་པ་དེ་ནི་མིང་ཙམ་མོ། །ལྷའི་བུ་ལུས་ཀྱི་ལས་དུལ་བས་གསོལ་པ། མཁྱེན་པས་ཡོངས་སུ་མཁྱེན་གྱུར་ནས། །ཁྱོད་ཀྱི་སྐུ་ཡི་ཕྲིན་ལས་འཇུག །ཐམས་ཅད་མ་ལུས་མཁྱེན་པས་ན། །དེས་ན་འདྲེན་པ་ཐམས་ཅད་མཁྱེན། །ལྷའི་བུ་ལུས་ཀྱི་ལས་ཡོངས་སུ་ཤེས་
D60.042.0115b05.01པས་གསོལ་པ། སེམས་ཅན་རྣམས་ལ་ཐུགས་བརྩེ་བས། །དཔའ་བོ་ཁྱོད་སྐུའི་ཕྲིན་ལས་ནི། །མཐའ་དག་ཤིན་ཏུ་ངེས་པ་ལགས། །འཇིག་རྟེན་མགོན་ལ་ཕྱག་ཀྱང་འཚལ། །ལྷའི་བུ་ལུས་ཀྱི་ལས་ཤིན་ཏུ་ངེས་པས་གསོལ་པ། སྐུ་ཡི་ཕྲིན་ལས་རབ་ངེས་པར། །ལུས་ཅན་ཀུན་ལ་
D60.042.0115b06.01སྨན་སླད་དུ། །འཇིག་རྟེན་སྒྲོན་མ་ཁྱོད་མཛད་དེ། །དེས་ན་ཁྱོད་ནི་གང་ཟག་མཆོག །ལྷའི་བུ་ལུས་ཀྱི་ལས་ཀྱི་མཐའ་ཤིན་ཏུ་མཐོང་བས་གསོལ་པ། སེམས་ཅན་ཀུན་ལ་སྨན་སླད་དུ། །འདྲེན་པ་ཐམས་ཅད་མཁྱེན་པ་ནི། །སྐུ་ཡི་ཕྲིན་ལས་དག་པ་དང་། །ལེགས་པར་ཡོངས་
D60.042.0115b07.01