完整藏文原文 · 德格版页 当前仅加载第 75 函德格 144a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པའི་སངས་རྒྱས་འོད་སྲུང་གི་རིང་ལ་དེ་གཉིས་ཀ་དགེ་བསྙེན་དུ་གྱུར་ཏེ། སྐྱབས་སུ་སོང་བ་དང་བསླབ་པའི་གཞི་བླངས་པས་ན་དེའི་ཕྱིར་དེ་ལྟར་བདེན་པ་མཐོང་བར་གྱུར་ཏོ། །དགེ་སློང་དག་དེ་བས་ན་འདུ་བྱེད་ཐམས་ཅད་མི་རྟག་པ་དང་ཆོས་ཐམས་ཅད་བདག་
D343.075.0144a01.01མེད་པ་དང་མྱ་ངན་ལས་འདས་པ་ནི་ཞི་བའོ་སྙམ་དུ་མྱ་ངན་ལས་འདས་པ་ལ་འབད་པར་བྱ་སྟེ། དགེ་སློང་ཁྱེད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་ལྷ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་
D343.075.0144a02.01ལྟོ་འཕྱེ་ཆེན་པོ་ལ་སོགས་པ་གཞན་དག་ཀྱང་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།སཱ་ལ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། ཕོ་བྲང་
D343.075.0144a03.01འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས། བླ་མར་བྱས།
D343.075.0144a04.01རི་མོ་བྱས། མཆོད་པ་བྱས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་དང་ལྡན་པ། །ན་
D343.075.0144a05.01བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། གདན་དང་། སྙུན་གསོས་དང་། སྨན་ཟོང་རྣམས་བརྙེས་པ། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་
D343.075.0144a06.01སོ། །དེའི་ཚེ་མཉན་དུ་ཡོད་པར་སཱ་ལ་གཅོག་པ་ཞེས་བྱ་བའི་དུས་སྟོན་བྱུང་སྟེ། དེར་སྲོག་ཆགས་འབུམ་ཕྲག་དུ་མ་འདུས་ནས་ཤིང་ས་ལའི་མ་ཏོག་བླངས་ཏེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །དེ་ནས་རེ་ཞིག་ན་ཚོང་དཔོན་གྱི་བུ་མོ་ཞིག་གིས་ས་ལའི་མེ་ཏོག་བླངས་ཏེ།
D343.075.0144a07.01