完整藏文原文 · 德格版页 当前仅加载第 75 函德格 209a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བཞིན་ཐུགས་སུ་ཆུད་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་པ་མཛད་དེ། དེ་ཐོས་ནས་ཀ་ཙང་ག་ལས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་
D343.075.0209a01.01བྱས་ཏེ། དེས་བདེན་པ་མཐོང་ནས་ཚིགས་སུ་བཅད་དེ་སྨྲས་པ། དཀའ་བ་བྱེད་པའི་མ་ལ་ནི། །བུ་{བཟངས་ཀྱིས་,བཟང་གིས་}ནི་གང་བྱ་བ། །སེམས་ནི་གྲོལ་བར་འགྲོ་འགྱུར་བ། །དེ་ནི་ཁྱོད་ཀྱིས་བདག་ལ་བྱས། །བདག་ནི་ཁྱོད་ཀྱིས་རབ་བསྒྲིམས་ཏེ། །ངན་འགྲོ་དག་ལས་ཕྱུང་ནས་ཀྱང་། །
D343.075.0209a02.01མཐོ་རིས་ཐར་པ་དག་ལ་བཞག །ཁྱད་པར་ཤིན་ཏུ་ཆེན་པོར་སྤགས། །དེ་ནས་རེ་ཞིག་ན་དེས་ཇོ་བོ་ལ་གསོལ་ཏེ། །བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་དེས་བརྩོན་པ་དང་། བསྒྲུབ་པ་དང་། འབད་པས་ཕོལ་མིག་ལྔ་པའི་འཁོར་བའི་འཁོར་ལོ་འདི་ཉིད་གཡོ་ཞིང་མི་
D343.075.0209a03.01བརྟན་པར་རིག་ནས་འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་སྙིལ་བ་དང་། ལྟུང་བ་དང་། རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་ཡིན་པར་རྩད་ཆོད་དེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དགྲ་བཅོམ་པ་ཁམས་གསུམ་པའི་
D343.075.0209a04.01འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་
D343.075.0209a05.01དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་མདོར་
D343.075.0209a06.01ལུང་དབོག་པ་མཛད་ནས་ནང་དུ་ཡང་དག་འཇོག་ལས་གཤེགས་པ་དེའི་ཚེ་ཀ་ཙང་ག་ལས་དགེ་སློང་མ་རྣམས་ལ་བརྡ་སྤྲོད་པར་བྱེད་དོ། །དེར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་མ་མདོ་སྡེ་རྣམ་པར་འབྱེད་པར་
D343.075.0209a07.01