完整藏文原文 · 德格版页 当前仅加载第 7 函德格 124b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བའི་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་
D3.007.0124b01.01བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་
D3.007.0124b02.01པར་བྱ་སྟེ། ཡང་ཡང་ཟ་ན་ལྟུང་བྱེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པའི་ཁང་{བཟངས་,བཟང་}ན་བཞུགས་སོ། །
D3.007.0124b03.01དགེ་སློང་ན་བ་ཞིག་སྨན་པའི་གནས་སུ་སོང་བ་དང་། དེས་དེ་མཐོང་ནས་སྨྲས་པ། བཞིན་{བཟངས་,བཟང་}ཁོ་བོ་ལ་སྨན་སྟོན་ཅིག །འཕགས་པ་ཇེ་ཞལ་ཚུས་གསོལ་ཅིག །བཞིན་{བཟངས་,བཟང་}བཅོམ་ལྡན་འདས་ཀྱིས་མ་གནང་ངོ་། །འཕགས་པ་དེ་ཁྱོད་ཀྱི་སྨན་ལགས་
D3.007.0124b04.01ཏེ། གཞན་དུ་ན་ཁྱོད་ཀྱིས་འཚོ་བར་མི་སྤྱོད་དོ། །བཞིན་{བཟངས་,བཟང་}བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བར་མཛད་དོ། །འཕགས་པ་ཁྱོད་ཀྱི་སྟོན་པ་ཐུགས་རྗེ་ཅན་ལགས་པས་དེ་ཉིད་རྐྱེན་དུ་མཛད་ནས་གནང་བར་འགྱུར་བ་གང་ལགས་པ་དེ་ལྟ་བུའི་གནས་མཆིས་
D3.007.0124b05.01པར་འགྱུར་རོ། །དགེ་སློང་རྣམས་ཀྱིས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ན་བའི་དུས་མ་གཏོགས་སོ། །དགེ་སློང་དག་མཆོད་རྟེན་གྱི་ལས་དང་དགེ་འདུན་གྱི་ལས་དག་བྱས་པ་ན་དེ་དག་བཀྲེས་ནས་གློས་
D3.007.0124b06.01ཕབ་སྟེ་ཉལ་ཞིང་དགེ་བའི་ཕྱོགས་ལ་ཏྲོན་བྱེད་པར་མི་ནུས་པ་ན་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གཙུག་ལག་ཁང་དུ་ལྷགས་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་བསྟན་པ་ལ་གཅིག་ཏུ་བརྩོན་པར་བགྱི་བ་ལགས་ན། ཅིའི་སླད་དུ་གློས་ཕབ་སྟེ་གཟིམས་ཤིང་དགེ་བའི་
D3.007.0124b07.01