藏传佛教 · 德格甘珠尔 · 律藏

德格《甘珠尔》D3

'dul ba rnam par 'byed pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D3

完整藏文原文 · 德格版页 当前仅加载第 5 函德格 255b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བརྩམས་པ། ཤེས་ལྡན་དག་གཞོན་ནུ་འདི་ནི་དམག་དཔོན་འདས་ནས་དམག་དཔོན་དུ་འགྱུར་བས་འདི་བསྟེན་པའི་དུས་ཀྱིས་ནི་འབྲས་བུ་སྟེར་བར་འགྱུར་གྱིས། བདག་ཅག་གིས་ད་འདི་བསྟེན་པར་བྱའོ་ཞེས་དེ་དག་གིས་བློ་གྲོས་གཅིག་གིས་དེ་ལ་སྨྲས་པ། གཞོན་ནུ་ཁྱོད་འདི་ཁོ་ནར་གཞེས་

D3.005.0255b01.01
2

ཤིག་དང་བདག་ཅག་གིས་{རི་དགས་,རི་དྭགས་}དག་ཅི་ནས་ཀྱང་ཁྱོད་ཀྱི་དྲུང་ཁོ་ནར་མཆི་བར་འགྱུར་བ་དེ་ལྟར་གདབ་པར་བགྱིས་དེ་ན་ཁྱོད་ཀྱིས་{རི་དགས་,རི་དྭགས་}མཆིས་སོ་འཚལ་ཁུམས་པར་འགྱུར་རོ། །དེ་ནས་དེ་དག་གིས་གཞོན་ནུ་དེ་འཕན་ཀར་བཞག་ནས་{རི་དགས་,རི་དྭགས་}མང་པོ་དག་ཕྱོགས་ཀུན་ནས་བསྐོངས་ཤིང་

D3.005.0255b02.01
3

བྲིམས་ནས་དེ་དག་འཆི་བའི་འཇིགས་པས་ལུས་སྨས་པ་དང་། རྣམ་པར་སྨས་བཞིན་དུ་ལྕེ་ཕྱུང་སྟེ་གཞོན་ནུའི་དྲུང་དུ་ལྷགས་སོ། །གཞོན་ནུས་{རི་དགས་,རི་དྭགས་}དེ་དག་གནས་སྐབས་དེ་ལྟར་གྱུར་པ་ཐག་རིང་པོ་ཁོ་ན་ནས་མཐོང་ནས་དེས་བསམས་པ། སྙིང་རྗེ་མེད་པའི་སྙིང་གིས་འཇིག་རྟེན་ཕ་

D3.005.0255b03.01
4

རོལ་བཏང་སྟེ་འདི་དག་ལ་སེམས་ཀྱིས་རབ་ཏུ་སྡང་བར་འགྱུར་བ་ཡང་སུ་ཞིག་ཡོད་ན་འདི་དག་གི་སྲོག་གཅོད་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་རིག་ནས་ཕྱོགས་བཞིར་རྣམ་པར་བལྟ་བར་བརྩམས་པ་དང་། དེ་དང་ཧ་ཅང་མི་རིང་བ་ན་མི་ཞིག་འདུག་པ་མཐོང་ནས་དེས་དེའི་སེམས་བསྲུང་

D3.005.0255b04.01
5

བའི་ཕྱིར་མདའ་གཉིས་སམ། གསུམ་ཞིག་འཕངས་ཏེ་མདའ་དེ་དག་ཀྱང་{རི་དགས་,རི་དྭགས་}དེ་དག་གི་རའི་བར་དག་དང་རྐང་ལག་གི་བར་དག་ཏུ་བཏང་ནས་དེའི་འོག་ཏུ་དེས་བརྩལ་བ་བཏང་སྟེ་འདུག་པ་དང་{རི་དགས་,རི་དྭགས་}དེ་དག་ཀྱང་བྱེར་ཏེ་དོང་ངོ་། །བློན་པོའི་བུ་རྣམས་ཀྱིས་བསམས་པ། གཞོན་ནུ་ནི་

D3.005.0255b05.01
6

གནས་ལྔ་དག་ལ་བྱང་བར་གྱུར་པ་ཡིན་པས་དེས་གདོན་མི་ཟ་བར་{རི་དགས་,རི་དྭགས་}མང་པོ་དག་བསད་པར་གྱུར་གྱིས་བདག་ཅག་མྱུར་དུ་འདོང་ངོ་སྙམ་ནས་དེ་དག་མྱུར་དུ་ལྷགས་པ་དང་། {རི་དགས་,རི་དྭགས་}གཅིག་ཀྱང་མ་སོད་པར་མཐོང་ནས་དེ་དག་འདི་སྙམ་དུ་སེམས་ཏེ། གཞོན་ནུས་གདོན་མི་ཟ་བར་ཤིང་རྟ་

D3.005.0255b06.01
7

དག་དང་། རྔ་མོ་དག་གིས་སྔར་བསྐྱས་པར་གྱུར་པ་ལྟ་སྙམ་དུ་རིག་ནས་སྨྲས་པ། གཞོན་ནུ་{རི་དགས་,རི་དྭགས་}དེ་དག་གར་མཆིས། ཤེས་ལྡན་དག་{རི་དགས་,རི་དྭགས་}དག་ག་རེ། {རི་དགས་,རི་དྭགས་}དག་སུའི་ཡིན། དེ་དག་ནི་{རི་དགས་,རི་དྭགས་}ཉིད་ཡིན་ཏེ། ཕྱིར་བཅོས་པར་མི་ནུས་སོ། །དེ་དག་སྤྱོད་པ་དེ་ལྟ་བུ་དང་ཤུགས་དེ་

D3.005.0255b07.01