完整藏文原文 · 德格版页 当前仅加载第 5 函德格 284a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་དགེ་སློང་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་གིས་དགེ་སློང་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་
D3.005.0284a01.01ཞིང་དེ་དེ་ལ་ལྟུང་བྱེད་ཀྱི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་དགེ་སློང་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་
D3.005.0284a02.01སློང་གིས་དགེ་སློང་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་སོ་སོར་བཤགས་པར་བྱ་བའི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་དགེ་སློང་ཕམ་པར་འགྱུར་བའི་
D3.005.0284a03.01ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་གིས་དགེ་སློང་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་ཉེས་བྱས་ཀྱི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་
D3.005.0284a04.01འདི་སྐད་ཅེས་བདག་གིས་དགེ་སློང་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་གིས་དགེ་སློང་དགེ་འདུན་ལྷག་མའི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་ལྟུང་བ་མེད་པའི་ལྟ་བ་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང་བཟོད་
D3.005.0284a05.01པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་དགེ་སློང་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་གིས་དགེ་སློང་དགེ་འདུན་ལྷག་མའི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་དགེ་འདུན་
D3.005.0284a06.01ལྷག་མའི་ལྟ་བ་ཉིད་ཐོབ་པར་གྱུར་ནས་དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་དགེ་སློང་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་གིས་དགེ་སློང་དགེ་འདུན་ལྷག་
D3.005.0284a07.01