完整藏文原文 · 德格版页 当前仅加载第 3 函德格 50b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དབྱར་གྱི་རས་ཆེན་གདིང་བ་དང་། །གཡན་པ་བདེ་གཤེགས་མོན་དར་དང་། །བལ་དང་ཤ་ན་ཟར་མའི་རས། །སྡོམ་ལ། དུམ་བུ་ས་སྐྱོང་སེང་གེ་དང་། དེ་བཞིན་ཡངས་པར་སོང་བ་དང་། །སེམས་འཕྲོག་དྲང་སྲོང་ས་འཚོ་དང་། །ཨ་མྲ་སྐྱོང་དང་འཇིགས་མེད་དང་། །ཚོང་དཔོན་ཆུང་མ་
D1.003.0050b01.01རིགས་སྐྱེས་དང་། །སྨན་པ་ཡི་ནི་ལུང་དང་ནི། །རྡོ་འཇོག་དང་ནི་བཟང་བྱེད་དང་། །ཨུ་དུམ་བཱ་ར་གཞལ་བ་དང་། །བསྐྱེད་དང་རྒྱལ་རིགས་སྐྱེད་མོས་ཚལ། །བཅོམ་བརླག་གྱད་དང་བུད་མེད་སྦྲུལ། །ཡ་མུ་ན་དང་དུར་ཁྲོད་དང་། །ཡངས་པ་མིག་དང་སྲིན་གྱི་མེད། །རྒྱལ་པོའི་ཁབ་
D1.003.0050b02.01བདུན་བཞི་ལྔ་དང་། །འཚོ་བྱེད་སྡེ་ཚན་བསྡུས་པ་ཡིན། །ལུས་འཕགས་ན་རྒྱལ་པོ་འཕགས་སྐྱེས་པོ་ཞེས་བྱ་བ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བ་ན་རྒྱལ་སྲིད་བྱེད་དུ་འཇུག་གོ། །དེའི་བློན་པོ་དུམ་བུ་ལ་སོགས་པ་ལྔ་བརྒྱ་ཡོད་པ་
D1.003.0050b03.01ལས་བློན་པོའི་མཆོག་དུམ་བུས་ཆོས་དང་མཐུན་པར་རྒྱལ་སྲིད་བྱེད་དུ་འཇུག་སྟེ། ཐ་སྙད་དུ་བྱ་བ་ཡང་རིགས་པས་ལྟ་བར་བྱེད་དོ། །དེས་ན་སྐྱེ་བོའི་ཚོགས་ཐམས་ཅད་དེའི་ངོར་བལྟས་ཤིང་འདུག་གོ། །དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་
D1.003.0050b04.01བར་བྱེད། དགའ་མགུར་སྤྱོད་པར་བྱེད་དེ་དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་ཁྱེའུ་ཞིག་བཙས་ཏེ། དེའི་བཙས་སྟོན་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་ཞེས་བྱ་བ་ནས་ས་སྐྱོང་ཞེས་བྱ་བར་བཏགས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ཡང་
D1.003.0050b05.01རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་ཁྱེའུ་ཞིག་བཙས་ཏེ་གོང་མ་བཞིན་དུ་རྒྱས་པར་སྦྱར་ཏེ། དེ་ནི་སེང་གེ་ཞེས་བྱ་བར་བཏགས་སོ། །ས་སྐྱོང་དང་སེང་གེ་རིམ་གྱིས་གཞོན་ནུར་གྱུར་ན་ཡང་བློན་པོའི་མཆོག་ཏུ་དུམ་བུ་ནི་ཐོག་མ་ཉིད་ནས་དཔའ་ཞིང་ཕ་རོལ་
D1.003.0050b06.01གནོན་པ་གནས་ལྔ་ལ་བྱང་བ་ཡིན་ཏེ། དེས་ན་བློན་པོ་རྣམས་ཀྱི་མཆོག་ཏུ་གྱུར་ཏོ། །གང་གི་ཚེ་བུའི་མཐུ་སྐྱེས་པ་དེའི་ཚེ། ལྷག་པར་ཡང་བློན་པོ་ཐམས་ཅད་ཟིལ་གྱིས་མནན་ཏེ་འདུག་གོ། །དེ་ནས་བློན་པོ་དེ་རྣམས་ཟིལ་གྱིས་ནོན་པས་མི་བཟོད་པ་སྐྱེས་ནས་ཕན་ཚུན་དུ་གྲོས་བྱས་ཏེ་རྒྱལ་
D1.003.0050b07.01