完整藏文原文 · 德格版页 当前仅加载第 36 函德格 19a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
{མྱེད་,མེད་}དོ། །ནམ་མཁའི་དབྱིངས་ཐམས་ཅད་ལ་ཡང་རབ་ཏུ་གནས་ཏེ། དེ་ཡང་ཤིན་ཏུ་ཤེས་སོ། །བསོད་ནམས་ཀྱི་སྟོབས་ཚད་{མྱེད་,མེད་}པས་དེ་བཞིན་གཤེགས་པའི་སྐུས་ཆོས་ཐམས་ཅད་གང་བར་ཤིན་ཏུ་ཤེས་སོ། །སེམས་
D44.036.0019a01.01ཅན་ཐམས་ཅད་ཚིམ་པར་བྱ་བའི་ཕྱིར། དགེ་བའི་རྩ་བ་ཐམས་ཅད་དུ་འགྲོ་བ་ལ་ཡང་དག་པར་སྤྱོད་དོ། །དེའི་སེམས་བསྐྱེད་པ་རེ་རེ་ཞིང་ཡང་སེམས་ཅན་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་སྟོབས་བཅུའི་སར་ཡང་དག་པར་འགྲུབ་བོ། །དེས་སེམས་ཅན་ཐམས་ཅད་
D44.036.0019a02.01བསོད་ནམས་ཐམས་ཅད་ཀྱིས་ཡོངས་སུ་གཟུང་ཞིང་ཐོབ་པར་བྱ་བའི་ཕྱིར། དགེ་བའི་རྩ་བ་རྣམ་པར་དག་པ་བསོད་ནམས་ཐམས་ཅད་ཀྱི་འབྱུང་གནས་དང་ལྡན་པ། ཐམས་ཅད་རབ་ཏུ་སྒྲུབ་བོ། །དེ་ཡོ་བྱད་ཅི་འདོད་པ་ཕུན་སུམ་ཚོགས་པས། བསོད་ནམས་ཀྱི་
D44.036.0019a03.01མཛོད་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དང་ལྡན་པ་ཡིན་ནོ། །དེ་གང་དང་གང་དུ་འགྲོ་བ་དེ་དང་དེ་དག་ཏུ་ཞིང་ཐམས་ཅད་རྣམ་པར་སྦྱོང་ཞིང་འགྲོའོ། །དེ་གང་དང་གང་དུ་སྤྱོད་པ་དེ་དང་དེ་དག་ཏུ་སེམས་ཅན་བརྗོད་དུ་{མྱེད་,མེད་}པའི་ཡང་བརྗོད་དུ་མེད་པ་རྣམ་པར་དག་པར་བྱ་བའི་ཕྱིར།
D44.036.0019a04.01བསོད་ནམས་ཀྱི་སྟོབས་ཀྱིས་ཡོངས་སུ་བཟུང་བ་ལ་རབ་ཏུ་གཞོག་ཅིང་། ཡང་དག་པར་སྤྱོད་དོ། །དེ་ལྟར་ཡོངས་སུ་བསྔོ་བ་དེ་ལ་རྣམ་པ་དེ་ལྟ་བུའི་རྒྱུ་མཐུན་པས། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་གཟུགས་{མྱེད་,མེད་}པ་ཡིན། འཇིག་རྟེན་ཐམས་ཅད་ཀྱི་ཟིལ་
D44.036.0019a05.01གྱིས་{མྱི་,མི་}ནོན་པའི་བསོད་ནམས་ཅན་ཡིན། བདུད་ཐམས་ཅད་ཀྱིས་གཟི་བརྗིད་{མྱི་,མི་}ཟད་པ་ཡིན། ཕྱིར་རྒོལ་བ་ཐམས་ཅད་ཀྱིས་དགེ་བའི་རྩ་བ་མི་འཕྲོགས་པ་ཡིན། ཐམས་ཅད་མཁྱེན་པའི་ཡིད་ཡང་དག་པར་རྟོགས་པ་དང་ལྡན་པས། སྨོན་ལམ་ཤིན་ཏུ་ཆེ་བ་དང་།
D44.036.0019a06.01སེམས་རབ་ཏུ་ཡངས་པ་ཡིན། སེམས་བསྐྱེད་པ་གཅིག་གིས་སངས་རྒྱས་ཀྱི་ཞིང་ཚད་{མྱེད་,མེད་}པར་འགྲོ་བ་ཡིན། ཡེ་ཤེས་ཀྱི་སྟོབས་མཐའ་ཡས་པས། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ཡོངས་སུ་ཤེས་པ་ཡིན། སངས་རྒྱས་ཐམས་ཅད་ལ་ཤིན་ཏུ་དད་པ་ཡིན།
D44.036.0019a07.01