完整藏文原文 · 德格版页 当前仅加载第 36 函德格 95a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
རྩ་བ་རྒྱ་ཆེན་པོ་ཉེ་བར་{སྩོགས་,སོགས་}ཀྱང་རུང་། དགེ་བའི་རྩ་བ་ཚད་མེད་པ་ཉེ་བར་{སྩོགས་,སོགས་}ཀྱང་རུང་། དགེ་བའི་རྩ་བ་སྣ་ཚོགས་མང་པོ་རྡུལ་ཙམ་ཡན་ཅད་ཉེ་བར་{སྩོགས་,སོགས་}ཀྱང་རུང་། དགེ་བའི་རྩ་བ་གཞལ་དུ་མེད་པ་ཉེ་བར་
D44.036.0095a01.01{སྩོགས་,སོགས་}ཀྱང་རུང་། དགེ་བའི་རྩ་བ་བསམ་གྱིས་མི་ཁྱབ་པ་ཉེ་བར་{སྩོགས་,སོགས་}ཀྱང་རུང་། དགེ་བའི་རྩ་བ་གྲངས་མེད་པ་ཉེ་བར་{སྩོགས་,སོགས་}ཀྱང་རུང་། དགེ་བའི་རྩ་བ་མུ་མེད་པ་ཉེ་བར་{སྩོགས་,སོགས་}ཀྱང་རུང་། སངས་རྒྱས་ལ་དམིགས་པའི་དགེ་བའི་རྩ་བ་ཉེ་བར་
D44.036.0095a02.01{སྩོགས་,སོགས་}ཀྱང་རུང་། ཆོས་ལ་དམིགས་པའི་དགེ་བའི་རྩ་བ་ཉེ་བར་{སྩོགས་,སོགས་}ཀྱང་རུང་། ཚུལ་དེ་བཞིན་དུ་དགེ་འདུན་ལ་དམིགས་པ་དང་། དགེ་བའི་བཤེས་གཉེན་ལ་དམིགས་པ་དང་། སེམས་ཅན་ཐམས་ཅད་ལ་དམིགས་པ་དང་། ཐབས་
D44.036.0095a03.01མཁས་པ་ལ་དམིགས་པ་དང་། ལེགས་པའི་དགེ་བའི་རྩ་བའི་སེམས་སྒོམ་པ་ལ་དམིགས་པ་དང་། ནང་ལ་དམིགས་པ་དང་། ཕྱི་རོལ་ལ་དམིགས་པ་དང་། དགེ་བའི་རྩ་བ་རྣམ་པ་ཐ་དད་པ་མཐའ་ཡས་པའི་ཚོགས་ལ་དམིགས་པའི་དགེ་
D44.036.0095a04.01བའི་རྩ་བ་ཉེ་བར་{སྩོགས་,སོགས་}ཀྱང་རུང་སྟེ། དགེ་བའི་རྩ་བ་དེ་དག་ལ་ཡོངས་སུ་སྤྱོད་པ་དང་། ཉེ་བར་གནས་པ་དང་། འཇུག་པ་དང་། ཡང་དག་པར་བསྒྲུབ་པ་དང་། ཉེ་བར་{སྩོགས་,སོགས་}པ་དང་། ཚོགས་སུ་བྱ་བ་དང་། མོས་པར་བྱ་བ་དང་། རྣམ་པར་
D44.036.0095a05.01སྦྱོང་བ་དང་། རྣམ་པར་སྟོན་པ་དང་། རྒྱ་ཆེར་བྱེད་པའི་ཚེ་བཟོད་པ་རབ་ཏུ་ཐོབ་པའི་སེམས་དང་ལྡན་པ། སེམས་ཅན་དམྱལ་བའི་སྒོ་ཤིན་ཏུ་བཅད་པ་དང་། དབང་པོ་རྒྱུ་བ་ཤིན་ཏུ་བསྡམས་པ། བྱ་བའི་ཚུལ་ལ་རབ་ཏུ་ཞུགས་པ། ཕྱིན་
D44.036.0095a06.01ཅི་ལོག་མེད་པར་འགྲོ་བ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྣོད་དུ་གྱུར་པ། འགྲོ་བ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་དུ་བྱུང་བ། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ། དེ་བཞིན་གཤེགས་པའི་དགེ་བའི་རྩ་བ་ཐམས་ཅད་
D44.036.0095a07.01