完整藏文原文 · 德格版页 当前仅加载第 36 函德格 50b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
རྒྱས་ཀྱི་སྤྱན་ལ་གཞོལ་བས་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོ་དང་། བྱམས་པ་དང་། སྙིང་རྗེ་ཡོངས་སུ་བསྒོམས་པ་དང་། དབང་པོ་དྲུག་ཤིན་ཏུ་བསྡམས་པས་སློང་བ་རྣམས་ལ་{མྱིག་,མིག་}བྱིན་པ་དེ་བཞིན་དུ་དེ་ཡང་མིག་ཡོངས་སུ་གཏོང་ཞིང་ཆོས་དེ་ལྟ་བུ་
D44.036.0050b01.01ལ་ཞུགས་པའི་སེམས་ཀྱིས་སློང་བ་དང་། འདོད་པ་དག་ལ་སྦྱིན་པ་བྱེད་ཅིང་མཆོད་སྦྱིན་གྱི་དོན་ལ་འཇུག་པ་དང་། ཆོས་ཀྱི་མཐུ་ཤིན་ཏུ་བསྐྱེད་པ་དང་། འཇིག་རྟེན་ཐམས་ཅད་ཀྱི་དགའ་བར་བལྟ་བ་དང་། བག་{མྱེད་,མེད་}པའི་སྲེད་པ་རྣམ་པར་ཟློག་པར་
D44.036.0050b02.01བྱེད་པ་དང་། འཇིག་རྟེན་གྱི་དགའ་བ་དང་། འདོད་པ་སྣ་ཚོགས་མཐོང་བས་རང་གི་དགའ་བ་ཁོང་དུ་ཆུད་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའི་དགའ་བ་མྱོང་བར་བྱེད་པ་དང་། ཅི་བསླངས་པའི་དངོས་པོས་ཁ་{མྱི་,མི་}སྟོངས་པར་བྱེད་པ་དང་། {མྱི་,མི་}གཉིས་པའི་
D44.036.0050b03.01སྦྱིན་པ་རྗེས་སུ་སྲུང་བ་དང་། རློམ་སེམས་{མྱེད་,མེད་}པས་ཤིན་ཏུ་སྦྱིན་པ་ཡོངས་སུ་གཏོང་བ་དང་། སློང་བ་རྣམས་ཀྱིས་དངོས་པོ་ཅི་བསླངས་པ་སྦྱིན་པར་བྱེད་པའི་ཚེ། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་
D44.036.0050b04.01འགྲོ་བ་ཐམས་ཅད་ཀྱི་{མྱིག་,མིག་}ཏུ་གྱུར་ཏེ། {མྱིག་,མིག་}གི་དམ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཡེ་ཤེས་ཀྱི་མཛོད་ཤིན་ཏུ་ཡངས་པས་ཉམས་པ་{མྱེད་,མེད་}པའི་{མྱིག་,མིག་}ཏུ་གྱུར་ཅིག །སེམས་ཅན་ཐམས་ཅད་སྣང་བ་{མྱི་,མི་}འཕྲོགས་པ་དང་ལྡན་ཞིང་ཤའི་{མྱིག་,མིག་}རྣམ་པར་དག་
D44.036.0050b05.01པ་ཡོངས་སུ་གྲུབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཤི་འཕོ་དང་། སྐྱེ་བ་ཤེས་ཤིང་ལྷའི་{མྱིག་,མིག་}རྣམ་པར་དག་པར་གྱུར་ཅིག །སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་རྗེས་སུ་འདོང་ཞིང་ཆོས་ཀྱི་{མྱིག་,མིག་}རབ་ཏུ་ཐོབ་པར་གྱུར་ཅིག།
D44.036.0050b06.01སེམས་ཅན་ཐམས་ཅད་གཏོང་བ་ཐམས་ཅད་རྣམ་པར་སྟོན་པས་ཤེས་རབ་ཀྱི་{མྱིག་,མིག་}ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་མངོན་པར་འཚང་རྒྱ་བའི་ཕྱིར། སངས་རྒྱས་ཀྱི་སྤྱན་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་
D44.036.0050b07.01