完整藏文原文 · 德格版页 当前仅加载第 36 函德格 134b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཆོས་ཐམས་ཅད་ལ་{མྱི་,མི་}གནས་པའི་རང་བཞིན་ལས་མ་གཡོས་པ། ཡང་དག་པ་ཇི་ལྟ་བ་བཞིན་ནམ་མཁའ་ལྟར་གོས་པ་{མྱེད་,མེད་}པའི་ཚིག་གི་ལམ་རྣམ་པར་བརྗོད་པའི་སྤྱོད་པ་དང་ལྡན་པ་རྣམ་པར་བཀོད་པའི་དོན་གྱི་རང་བཞིན་ཤིན་ཏུ་རྟོགས་པ། རང་བཞིན་གྱིས་ཞི་བ་ཡོངས་
D44.036.0134b01.01སུ་རིག་པའི་ཡེ་ཤེས་ཀྱིས་{མྱི་,མི་}གནས་པའི་ཡིད་ཀྱི་ཡང་དག་པར་རྟོག་པ་དང་ལྡན་པ། {དམྱིགས་,དམིགས་}པའི་ཚུལ་ལ་རྟེན་པ་{མྱེད་,མེད་}པར་གནས་པ་ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་ཚུལ་ཡངས་པ་ཁོང་དུ་ཆུད་པ་འཇིག་རྟེན་ཐམས་ཅད་དུ་{མྱི་,མི་}གཉིས་པས་ཡང་དག་པར་རྒྱུ་བ་ཆོས་ཐམས་
D44.036.0134b02.01ཅད་ལ་{མྱི་,མི་}{དམྱིགས་,དམིགས་}པ། གནས་ཐམས་ཅད་ཡང་དག་པར་བཅོམ་པས་ཀུན་ཏུ་བཟང་པོའི་སྤྱོད་པའི་སྒོ་འདི་དག་ལ་ཞུགས་པའི་ཡེ་ཤེས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་གྱུར་ཅིག །དགེ་བའི་རྩ་བ་འདིས་ཆགས་པ་{མྱེད་,མེད་}པ་དང་གྲོལ་ཞིང་བཅིངས་པ་
D44.036.0134b03.01{མྱེད་,མེད་}པའི་སེམས་སུ་བསྐལ་པ་གང་ཇི་སྙེད་པ་ཐམས་ཅད་ཤེས་པ་མངོན་པར་བསྒྲུབ་པ་འདི་ལྟ་སྟེ། བརྗོད་དུ་{མྱེད་,མེད་}པའི་བསྐལ་པ་སེམས་ཀྱི་སྐད་ཅིག་གཅིག་ཏུ་བྱིན་གྱིས་རློབ་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། སེམས་ཀྱི་སྐད་ཅིག་གཅིག་ལ་བརྗོད་དུ་{མྱེད་,མེད་}པའི་
D44.036.0134b04.01བསྐལ་པ་ཡང་དག་པར་བསྟན་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། གྲངས་{མྱེད་,མེད་}པའི་བསྐལ་པ་ལ་ཡང་དག་པར་འཇུག་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། བསྐལ་པ་གཅིག་གྲངས་{མྱེད་,མེད་}པའི་བསྐལ་པར་ཡང་དག་པར་འཇུག་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། བསྐལ་པ་རིང་
D44.036.0134b05.01པོ་བསྐལ་པ་ཐུང་ངུར་ཡང་དག་པར་འཇུག་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། བསྐལ་པ་ཐུང་ངུ་བསྐལ་པ་རིང་པོར་ཡང་དག་པར་འཇུག་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། སངས་རྒྱས་དང་བཅས་པའི་བསྐལ་པ་སངས་རྒྱས་མི་བཞུགས་པའི་བསྐལ་པར་འཇུག་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་།
D44.036.0134b06.01བསྐལ་པ་ཐམས་ཅད་མ་ལུས་པའི་གྲངས་ཤེས་པ་ཤིན་ཏུ་ཕྲ་བ་དང་། བསྐལ་པ་ཐམས་ཅད་མ་ལུས་པར་བསྐལ་པ་མ་ཡིན་པར་ཤིན་ཏུ་བརྟག་པ་ཤེས་པ་ཤིན་ཏུ་ཕྲ་བ་དང་། སྔོན་གྱི་མཐའི་མུར་ཐུག་པའི་བསྐལ་པ་དང་། ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པ་དང་།
D44.036.0134b07.01