藏传佛教 · 德格甘珠尔 · 华严

德格《甘珠尔》D44

sangs rgyas phal po che zhes bya ba shin tu rgyas pa chen po'i mdo/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D44

完整藏文原文 · 德格版页 当前仅加载第 36 函德格 122a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

མེད་པ་དང་། གྲོལ་ཞིང་བཅིངས་པ་མེད་པའི་སེམས་སུ་ཀུན་ཏུ་བཟང་པོ་དང་མངོན་སུམ་དུ་འགྱུར་བའི་གནས་སུ་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་མཐའ་དག་ལྷག་པ་མེད་ཅིང་མ་ལུས་པར་གཟུང་བ་བསྟན་པར་བྱིན་(ཀྱི་,)

D44.036.0122a01.01
2

གྱིས་བྱིན་དུ་རློབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འཛུད་པ་ལ་ཆགས་པ་{མྱེད་,མེད་}པ་དང་གྲོལ་ཞིང་བཅིངས་པ་{མྱེད་,མེད་}པའི་སེམས་སུ་ཀུན་ཏུ་བཟང་པོའི་སྒོ་གཅིག་ནས་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་བརྗོད་དུ་{མྱེད་,མེད་}པའི་ཡང་བརྗོད་དུ་{མྱེད་,མེད་}པ་{མྱི་,མི་}ཟད་པ་

D44.036.0122a02.01
3

ཡང་དག་པར་མཐོང་བར་གྱུར་ཅིག །སངས་རྒྱས་ཐམས་ཅད་ཀྱི་སྐུ་མངོན་སུམ་དུ་མཐོང་བའི་ཕྱིར་ཆགས་པ་{མྱེད་,མེད་}པ་དང་གྲོལ་ཞིང་བཅིངས་པ་{མྱེད་,མེད་}པའི་སེམས་སུ་ཀུན་ཏུ་བཟང་པོའི་སྒོ་སྣ་ཚོགས་ནས་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་བརྗོད་དུ་

D44.036.0122a03.01
4

{མྱེད་,མེད་}པའི་ཡང་བརྗོད་དུ་མེད་པའི་བསྐལ་པར་རྣམ་པར་དགོད་པ་{མྱི་,མི་}ཟད་པ་ལ་སེམས་ཅན་ཐམས་ཅད་རབ་ཏུ་འཇུག་པར་གྱུར་ཅིག །ཡོངས་སུ་སྐྱོ་བ་{མྱེད་,མེད་}པའི་སེམས་ལ་ཆགས་པ་{མྱེད་,མེད་}པ་དང་གྲོལ་ཞིང་བཅིངས་པ་{མྱེད་,མེད་}པའི་སེམས་སུ་ཀུན་ཏུ་

D44.036.0122a04.01
5

བཟང་པོའི་སྟོབས་བཅུའི་ཡེ་ཤེས་ཀྱི་སྒོ་ལ་སེམས་ཅན་དུ་གདགས་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་{མྱེད་,མེད་}པ་ཡང་དག་པར་འཛུད་པ་དང་། རབ་ཏུ་འགོད་པ་དང་། སེམས་ཀྱི་སྐད་ཅིག་རེ་རེ་ལ་སྙིང་རྗེ་ཆེན་པོ་ཡང་དག་པར་འབྱུང་

D44.036.0122a05.01
6

བར་གྱུར་ཅིག །ཀུན་ཏུ་བཟང་པོའི་སྤྱོད་པ་ལ་གནས་པའི་ཚེ་ཆགས་པ་མེད་པ་དང་། གྲོལ་ཞིང་བཅིངས་པ་{མྱེད་,མེད་}པའི་སེམས་ཀུན་ཏུ་བཟང་པོའི་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱིས་སངས་རྒྱས་ཀྱི་ཁྱུ་མཆོག་གི་མཐུ་ཕྱུང་བ་དང་། རྣམ་པར་འཕྲུལ་པ་

D44.036.0122a06.01
7

ཐམས་ཅད་ཡང་དག་པར་སྟོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་འདུལ་བའི་དབང་ཉེ་བར་བཟུང་སྟེ། སེམས་ཅན་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་མ་ལུས་པ་ལ་ཡང་དེ་བཞིན་དུ་ཐམས་ཅད་མཁྱེན་

D44.036.0122a07.01