藏传佛教 · 德格甘珠尔 · 华严

德格《甘珠尔》D44

sangs rgyas phal po che zhes bya ba shin tu rgyas pa chen po'i mdo/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D44

完整藏文原文 · 德格版页 当前仅加载第 36 函德格 20b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བརྒྱན། །དེ་དག་དཔེ་བྱད་བཟང་པོས་ལུས་ཀྱང་མཛེས། །དེ་དག་མཐའ་ཡས་ཡང་དག་སོ་སོར་ཤེས། །འགྲོ་བའི་རྒྱ་མཚོ་{མྱི་,མི་}ཟད་ཅི་བཞིན་ནོ། །དེ་དག་སྤྱོད་ཡུལ་དག་དང་ཡང་དག་ལྡན། །ཏིང་འཛིན་ཀུན་ལ་གནས་པ་རྗེས་སུ་ཐོབ། །མཚུངས་{མྱེད་,མེད་}

D44.036.0020b01.01
2

ཤིན་ཏུ་རྣམ་པར་དག་པའི་ཡིད། །ཐམས་ཅད་ཕྱོགས་རྣམས་སུ་ནི་འོད་ཀྱང་འགྱེད། །འདི་འདྲའི་ཞིང་རྣམས་མ་ལུས་བཟུང་བྱས་ཏེ། །ཉན་ཐོས་སྤྱོད་ཡུལ་དག་ལ་དད་{མྱེད་,མེད་}པ། རང་རྒྱལ་ཐམས་ཅད་ཤིན་ཏུ་སྤངས་གྱུར་ཏེ། །{མྱི་,མི་}ཡི་དམ་པས་ཤིན་ཏུ་གང་གྱུར་ཅིག །

D44.036.0020b02.01
3

དེ་དག་དེ་འདྲའི་ཡོངས་བསྔོ་སེམས་ལྡན་པ། །གང་གིས་མ་ལུས་འཇིག་རྟེན་བྱང་ཆུབ་ཏུ། །དུས་གསུམ་རྒྱལ་བས་མངོན་པར་སངས་རྒྱས་པ། །དེ་དང་ལྡན་པར་ཡོངས་སུ་བསྔོ་བར་བྱེད། །ཕྱོགས་བཅུ་ཀུན་ན་ཇི་སྙེད་ཡོད་པ་ཡི། །བདུད་དང་ཉོན་མོངས་དེ་

D44.036.0020b03.01
4

དག་རབ་ཏུ་འཇོམས། །དཔལ་ལྡན་མཐུ་ཅན་གཞན་གྱིས་ཕམ་{མྱི་,མི་}ནུས། །རྣམ་པར་ངེས་པར་ཆོས་ཀྱི་དམ་པ་སྤྱོད། །དེ་དག་སྨོན་ལམ་མཐུ་སྟོབས་ཡོངས་པ་ཡིས། །ཡོངས་སུ་བསྔོ་བ་ཆགས་པ་{མྱེད་,མེད་}གྱུར་ཅིང་། །བསོད་ནམས་ཟད་{མྱེད་,མེད་}དེ་དག་མཛོད་དུ་ཞུགས། །

D44.036.0020b04.01
5

དེ་ནི་དུས་གསུམ་ཀུན་ཏུ་ཟད་མི་འགྱུར། །དེ་དག་སྤྱོད་པས་ཆོས་ལ་འཇལ་བར་བྱེད། །དེ་དག་བྱེད་པ་{མྱེད་,མེད་}པའི་ཆོས་ལ་ཞུགས། །གཡོ་མེད་ཆོས་ཀྱང་དེ་དག་རབ་ཏུ་ཤེས། །ལས་ཀྱི་རྣམ་པས་ཡོངས་སུ་མི་སེམས་སོ། །གཟུགས་ནི་མ་ཡིན་འོན་ཀྱང་གཟུགས་{མྱེད་,མེད་}

D44.036.0020b05.01
6

{མྱིན,མིན}། །འདུ་ཤེས་ཡོད་{མྱིན་,མིན་}འདུ་ཤེས་{མྱེད་,མེད་}པ་{མྱིན,མིན}། །དངོས་ཡོད་མ་ཡིན་དངོས་པོ་{མྱེད་,མེད་}པ་{མྱིན,མིན}། །དངོས་{མྱེད་,མེད་}ཐམས་ཅད་རང་བཞིན་ཁོང་དུ་ཆུད། །ཡོད་པ་མ་ཡིན་{མྱེད་,མེད་}པའང་མ་ཡིན་ཏེ། །རྒྱུ་ཡི་རྒྱུད་ལ་མངོན་པར་ཆགས་{མྱི་,མི་}བྱེད། །རྐྱེན་ལ་འང་འཇུག་པར་དེ་དག་{མྱི་,མི་}

D44.036.0020b06.01
7

བྱེད་དེ། །ནམ་ཡང་དེ་དག་ཆགས་པར་{མྱི་,མི་}བྱེད་དོ། །འགྲོ་བ་འདི་ན་སྨྲ་ཚུལ་ཇི་སྙེད་པ། །དེ་ལ་ནམ་ཡང་ཆགས་པར་མི་བྱེད་དེ། །འདུ་ཤེས་བསམ་པ་བརྡ་ཡང་རབ་ཏུ་ཤེས། །བདག་{མྱེད་,མེད་}ཆོས་ཀྱང་སོ་སོར་ཤིན་ཏུ་རྟོགས། །དེ་དག་སེམས་ཅན་མི་འབྲལ་ཅིས་

D44.036.0020b07.01