藏传佛教 · 德格甘珠尔 · 律藏

德格《甘珠尔》D1

'dul ba gzhi/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D1

完整藏文原文 · 德格版页 当前仅加载第 4 函德格 49a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

དེ་ནས་ཚེ་དང་ལྡན་པ་གྲགས་པའི་མ་དང་ཆུང་མ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་གྲགས་པའི་མ་དང་། ཆུང་མ་གཉིས་ལ་ཆོས་དང་ལྡན་

D1.004.0049a01.01
2

པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐོག་མའི་དུས་སུ་ཆོས་ཀྱི་གཏམ་གླེང་བ་གང་ཡིན་པ་འདི་ལྟ་སྟེ། སྦྱིན་པའི་གཏམ་དང་

D1.004.0049a02.01
3

ཚུལ་ཁྲིམས་ཀྱི་གཏམ་དང་། མཐོ་རིས་ཀྱི་གཏམ་དང་། འདོད་པ་རྣམས་ལ་མནོག་ཆུང་ཞིང་ཉེས་དམིགས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ངེས་པར་འབྱུང་བ་དང་། རབ་ཏུ་དབེན་པའི་རྗེས་སུ་བསྔགས་པ་དང་། རྣམ་པར་བྱང་བའི་ཕྱོགས་ཀྱི་ཆོས་

D1.004.0049a03.01
4

རྣམས་རྒྱ་ཆེར་བཤད་དོ། །གང་གི་ཚེ་དེ་གཉིས་བཅོམ་ལྡན་འདས་ཀྱིས་དགའ་བའི་སེམས་དང་། དགེ་བའི་སེམས་དང་། མགུ་བའི་སེམས་དང་། སྒྲིབ་པ་དང་བྲལ་བའི་སེམས་དང་། སྐལ་བ་དང་ལྡན་པ་དང་། ཡང་དག་ཕུལ་གྱི་ཆོས་བཤད་ན་ཤེས་པར་ནུས་པ་གཟིགས་པ་དེའི་

D1.004.0049a04.01
5

ཚེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡང་དག་ཕུལ་གྱི་ཆོས་བཤད་པ་གང་ཡིན་པ་འདི་ལྟ་སྟེ། འཕགས་པའི་བདེན་པ་བཞི་པོ་སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་དེ་རྒྱ་ཆེར་བཤད་དོ། །དཔེར་ན་གོས་གཙང་མ་ནག་ནོག་མེད་པ་ཚོན་རྩི་འོས་

D1.004.0049a05.01
6

པའི་ནང་དུ་བཅུག་ན་ཚོན་རྩི་ལེགས་པར་འཇེན་དུ་བཏུབ་པ་དེ་བཞིན་དུ་ཚེ་དང་ལྡན་པ་གྲགས་པའི་མ་དང་། ཆུང་མ་གཉིས་ཀྱིས་སྟན་དེ་ཉིད་ལ་འཁོད་བཞིན་དུ་འཕགས་པའི་བདེན་པ་བཞི་པོ་འདི་ལྟ་སྟེ། སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མངོན་པར་རྟོགས་

D1.004.0049a06.01
7

སོ། །དེ་ནས་ཚེ་དང་ལྡན་པ་གྲགས་པའི་མ་དང་། ཆུང་མ་གཉིས་ཀྱིས་ཆོས་མཐོང་བ་དང་། ཆོས་ཐོབ་པ་དང་། ཆོས་རིག་པ་དང་། ཆོས་ཀྱི་གཏིང་སླེབས་པ་དང་། སོམ་ཉི་ལས་རྒལ་བ་དང་། ཐེ་ཚོམ་ལས་རྒལ་བ་དང་། གཞན་གྱི་དྲིང་མི་འཇོག་པ་དང་། གཞན་གྱིས་མི་བཀྲི་

D1.004.0049a07.01