藏传佛教 · 德格甘珠尔 · 华严

德格《甘珠尔》D44

sangs rgyas phal po che zhes bya ba shin tu rgyas pa chen po'i mdo/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D44

完整藏文原文 · 德格版页 当前仅加载第 37 函德格 2a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

འདས་རྣམས་ཀྱི་དེ་བཞིན་གཤེགས་པའི་ཡེ་ཤེས་ནི་ཅི་ཙམ་ཞིག་ཏུ་བསམ་གྱིས་མི་ཁྱབ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་བ་ནི་ཇི་ཙམ་ཞིག་ཏུ་བསམ་གྱིས་མི་ཁྱབ།

D44.037.0002a01.01
2

སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆགས་པ་{མྱི་,མི་}མངའ་བའི་རྣམ་པར་སྤྱོད་པ་ནི་ཇི་ཙམ་ཞིག་ཏུ་བསམ་གྱིས་{མྱི་,མི་}ཁྱབ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་རྣམ་པར་ཐར་པ་ནི་ཇི་ཙམ་ཞིག་ཏུ་བསམ་གྱིས་{མྱི་,མི་}ཁྱབ་སྙམ་པ་དང་།

D44.037.0002a02.01
3

དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཐུགས་ཀྱིས་ཐུགས་སུ་ཆུད་ནས། བྱང་ཆུབ་སེམས་དཔའ་ཨུཏྤ་ལའི་སྙིང་པོ། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབས་སོ། །སངས་རྒྱས་ཀྱི་ཡེ་

D44.037.0002a03.01
4

ཤེས་ཀྱིས་བྱིན་དང་ལྡན་པར་མཛད་དོ། །དེ་བཞིན་གཤེགས་པའི་འོད་ཀྱིས་སྣང་བར་མཛད་དོ། །སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་ཡོངས་སུ་རྒྱས་པར་མཛད་དོ། །སངས་རྒྱས་ཀྱི་{མྱི་,མི་}འཇིགས་པ་ལ་རབ་ཏུ་གཞོག་གོ །སངས་རྒྱས་ཀྱི་

D44.037.0002a04.01
5

ཆོས་ཀྱི་དབྱིངས་ལ་འཇུག་པ་ཁོང་དུ་ཆུད་པར་མཛད་དོ། །སངས་རྒྱས་ཀྱི་བདག་ཉིད་ཆེ་བ་ཉིད་དང་། རྫུ་འཕྲུལ་གྱི་ཡུལ་རབ་ཏུ་རྟོགས་པར་མཛད་དོ། །ཆགས་པ་{མྱེད་,མེད་}པའི་རྒྱུད་འབྱམ་ཀླས་པ་ལ་རབ་ཏུ་གཞོག་གོ །སངས་རྒྱས་ཐམས་ཅད་

D44.037.0002a05.01
6

གཅིག་ནས་གཅིག་ཏུ་བརྒྱུད་པའི་རིགས་རབ་ཏུ་རྟོགས་པར་མཛད་དོ། །སངས་རྒྱས་ཀྱི་ཚུལ་གྱི་གནས་བརྗོད་དུ་མེད་པ་ལ་རབ་ཏུ་གཞག་པ་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཨུཏྤ་ལའི་སྙིང་པོས་ཆོས་ཀྱི་དབྱིངས་ལ་འཇུག་པ་རིག་

D44.037.0002a06.01