藏传佛教 · 德格甘珠尔 · 华严

德格《甘珠尔》D44

sangs rgyas phal po che zhes bya ba shin tu rgyas pa chen po'i mdo/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D44

完整藏文原文 · 德格版页 当前仅加载第 37 函德格 276b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པོའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་མཆོག་གི་དབང་པོའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་རབ་ཏུ་ཞི་བའི་སྒྲ་དང་། ཆགས་པ་{མྱེད་,མེད་}པའི་སྒྲ་དང་། སའི་དབྱངས་ཀྱི་སྒྲ་དང་། རྒྱ་མཚོའི་འབྲུག་གི་སྒྲ་དང་། སྤྲིན་གྱི་དབྱངས་ཀྱི་སྒྲ་དང་། ཆོས་སྣང་བའི་

D44.037.0276b01.01
2

སྒྲ་དང་། ནམ་མཁའི་དབྱངས་ཀྱི་སྒྲ་དང་། སེམས་ཅན་ཀུན་གྱི་དགེ་བའི་རྩ་བ་རབ་ཏུ་སྒྲོག་པའི་སྒྲ་དང་། སྔོན་གྱི་སྨོན་ལམ་ཡོངས་སུ་བསྐུལ་བའི་སྒྲ་དང་། བྱང་ཆུབ་སེམས་དཔའ་བདུད་ཀྱི་དཀྱིལ་འཁོར་བཅོམ་ཞིང་{མྱེད་,མེད་}པར་བྱེད་པའི་སྒྲ་དང་། བྱང་ཆུབ་སེམས་དཔའ་

D44.037.0276b02.01
3

རིན་པོ་ཆེའི་བློ་དང་། ཡེ་ཤེས་རི་བོའི་བློ་དང་། ནམ་མཁའི་བློ་དང་། དྲི་མ་{མྱེད་,མེད་}པའི་བློ་དང་། ཆགས་པ་{མྱེད་,མེད་}པའི་བློ་དང་། རྣམ་པར་སངས་རྒྱས་པའི་བློ་དང་། དུས་གསུམ་སྣང་བའི་བློ་དང་། ཡངས་པའི་བློ་དང་། ཀུན་ཏུ་སྣང་བའི་བློ་དང་། བྱང་ཆུབ་སེམས་དཔའ་

D44.037.0276b03.01
4

ཆོས་ཀྱི་དབྱིངས་སུ་སྣང་བའི་བློ་དང་། དེ་དག་ལ་{སྩོགས་,སོགས་}པ་བྱང་ཆུབ་སེམས་དཔའ་ལྔ་སྟོང་ཙམ་སྟེ། ཀུན་ཀྱང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་། སྨོན་ལམ་གྱིས་བྱུང་བ་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་འགེངས་པས། ཆགས་པ་

D44.037.0276b04.01
5

{མྱེད་,མེད་}པའི་སྤྱོད་ཡུལ་ཅན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དྲུང་དུ་འདོང་བས་ལུས་མཐའ་ཡས་པའི་བྱིན་གྱི་རླབས་དང་ལྡན་པ། སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་ཡོངས་སུ་བསྟན་པ་རྣམ་པར་{དམྱིགས་,དམིགས་}པར་བྱ་

D44.037.0276b05.01
6

བ་ལ་བསྒྲིབ་པ་{མྱེད་,མེད་}པའི་{མྱིག་,མིག་}གི་དཀྱིལ་འཁོར་རྣམ་པར་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་འཚང་རྒྱ་བའི་ཚེ། ཉེ་བར་འདོང་བ་རྒྱུན་{མྱི་,མི་}གཅོད་པས། ཚད་{མྱེད་,མེད་}པར་ཕྱིན་པ། ཆོས་རྒྱ་མཚོའི་ཚུལ་ཐམས་ཅད་ལ་ཡེ་ཤེས་སྣང་བ། རབ་ཏུ་ཐོབ་

D44.037.0276b06.01
7

པས་སྣང་བ་མཐའ་ཡས་པ་དང་ལྡན་པ། སོ་སོ་ཡང་དག་པར་རིག་པ་རྣམ་པར་དག་པས་བསྐལ་པ་མཐའ་ཡས་པར་ཤིན་ཏུ་སྟོན་པ་{མྱི་,མི་}ཟད་པ་འགྲོ་བའི་བསམ་པ་ཅི་ལྟ་བ་བཞིན་དུ་གཟུགས་ཀྱི་ལུས་ཡོངས་སུ་སྟོན་པས་ནམ་མཁའི་དབྱིངས་ཀྱིས་ཀླས་པའི་ཡེ་ཤེས་ཀྱི་སྤྱོད་

D44.037.0276b07.01