完整藏文原文 · 德格版页 当前仅加载第 37 函德格 268a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
{མྱི་,མི་}ལྡོག་འཁོར་ལོ་ལྟ་བུ་དེ་དང་དེ་དག་འདྲེན་པ་རྣམས་ཀྱིས་རབ་ཏུ་བཙུད། །དེ་དང་དེ་དག་སྒྲོན་མ་ལྟ་བུར་མུན་པ་སེལ་ཅིང་སེམས་ཅན་ལམ་ཡང་སྟོན། །དེ་དང་དེ་དག་ཆུ་ཀླུང་ལྟ་བུར་ཡོན་ཏན་དེད་ཅིང་ལམ་རྒྱུད་རྗེས་སུ་འགྲོ། །དེ་དང་དེ་དག་
D44.037.0268a01.01ཟམ་པ་ལྟ་བུར་ངལ་བ་{མྱེད་,མེད་}པར་རྟག་ཏུ་འགྲོ་བ་སྒྲོལ། །གྲུ་དང་གྲུ་ཆེན་ལྟ་བུར་སྨོན་ལམ་རབ་བཏབ་ཡེ་ཤེས་གངས་ཆེན་མཚོ་ཐོབ་བྱེད། །དེ་དང་དེ་དག་མཉན་པ་ལྟ་བུར་འགྲོ་བ་ཡེ་ཤེས་ཐང་ཆེན་མཆོག་ལ་འགོད། །དེ་དག་སྐྱེད་མོས་ཚལ་གྱི་དགའ་ལ་རྩེ་ཞིང་
D44.037.0268a02.01འགྲོ་ལ་ཡང་དག་སྤྱོད་པ་སྟོན། །དེ་དག་ཆོས་ཀྱི་རྣམ་ཐར་མངོན་ཤེས་མེ་ཏོག་ཡེ་ཤེས་གཞལ་{མྱེད་,མེད་}ཁང་དག་པ། །མཁས་པ་དེ་དང་དེ་དག་སྨན་ལྟར་ནད་ཞི་བྱེད་ཅིང་ཉོན་མོངས་རབ་ཏུ་སེལ། །སྨན་གྱིས་རྒྱས་པའི་གངས་རི་ལྟ་བུར་དེ་དང་དེ་དག་ཡེ་ཤེས་འབྱུང་གནས་སོ། །དེ་དག་
D44.037.0268a03.01སངས་རྒྱས་ལྟ་བུར་ཡེ་ཤེས་ཀྱིས་ནི་འགྲོ་བ་གཉིད་ལོག་མུན་པ་སེལ། །ཡང་དག་སངས་རྒྱས་ལྟ་བུར་གཞན་{མྱིན་,མིན་}ཡིད་ཀྱིས་འགྲོ་བ་ཡང་དག་རྟོགས་པར་བྱེད། །དེ་དང་དེ་དག་རྒྱལ་བ་ཅི་འདྲ་དེ་ལྟར་འོངས་ཏེ་མཁས་པ་དེ་ཉིད་གནས། །དེ་དག་ཐམས་ཅད་མཁྱེན་པ་ལྟ་བུར་ཡེ་ཤེས་
D44.037.0268a04.01འབྱུང་གནས་ཀུན་ནས་སྒོར་ཡང་ཞུགས། །ཞི་བ་སྐྱེད་པ་དེ་དང་དེ་དག་སྟོན་པས་རབ་བསྔགས་འགྲོ་བ་ཀུན་ལ་སྟོན། །དེ་དང་དེ་དག་རང་གི་ཡེ་ཤེས་ཡུལ་དང་ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་ཤེས། །དེ་དང་དེ་དག་ཚད་{མྱེད་,མེད་}དཔུང་དང་འདྲ་བར་འགྲོ་བ་ཀུན་ན་ཐུབ་པ་{མྱེད,མེད}། །དེ་
D44.037.0268a05.01དག་ཡེ་ཤེས་{མྱི་,མི་}འཇིགས་བློ་གྲོས་འཆང་བ་ཐམས་ཅད་མཁྱེན་པའི་ཆོས་ཀྱང་ཤེས། །གང་ན་གང་དག་འགྲོ་བ་ཀུན་གྱི་གཟུགས་དང་{མྱི་,མི་}རྣམས་ཇི་སྙེད་སྣང་ཡོད་པ། །ཀུན་ཏུ་གཟུགས་སྙོམས་གཟུགས་ཀྱི་རྗེས་སུ་སོང་ཞིང་{མྱིང་,མིང་}དབྱངས་རྗེས་སུ་སོང་བ་ཡིན། །གཟུགས་
D44.037.0268a06.01རྣམས་ཀུན་ལས་འདས་ཤིང་{མྱིང་,མིང་}དང་རྣམ་པར་བྲལ་ཡང་བྱ་བ་ཐམས་ཅད་སྟོན། །དེ་དག་མཐུ་ནི་འགྲོ་བ་རྣམས་ཀྱིས་རྣམ་པ་ཀུན་ཏུ་བརྗོད་པར་མི་ནུས་སོ། །གང་དག་འདི་འདྲའི་ཡོན་ཏན་ཐོབ་ཅིང་དངོས་བྲལ་དངོས་པོ་{མྱེད་,མེད་}པའི་ཆོས་གནས་ཤིང་། །ཡོད་དང་{མྱེད་,མེད་}པའི་མདུད་
D44.037.0268a07.01