完整藏文原文 · 德格版页 当前仅加载第 11 函德格 268b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ལས་བྱས་པ་ལ་ནི་གསེར་གྱིའོ། །བཻ་ཌཱུརྱ་ལས་བྱས་པ་ལ་ནི་ཤེལ་གྱིའོ། །ཤེལ་ལས་བྱས་པ་ལ་ནི་ཀ་རྟེན་དང་། ཀ་ཞུ་དང་། བྲེ་ཕུལ་དང་། གདུང་བཻ་ཌཱུརྱ་ལས་བྱས་སོ། །ཀུན་དགའ་བོ་ཆོས་དང་མཐུན་པའི་ཁང་{བཟངས་ཀྱི་,བཟང་གི་}གདུང་ཕྲན་རྣམ་པ་བཞི་པོ་གསེར་ལས་བྱས་པ་
D6.011.0268b01.01དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་བྲེས་སོ། །ཀུན་དགའ་བོ་ཆོས་དང་མཐུན་པའི་ཁང་{བཟངས་ཀྱི་,བཟང་གི་}མདུན་གདུང་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་
D6.011.0268b02.01བྱས་པ་བྲེས་སོ། །ཀུན་དགའ་བོ་ཆོས་དང་མཐུན་པའི་ཁང་{བཟངས་ཀྱི་,བཟང་གི་}གདུང་པོ་ཆེ་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་བྲེས་སོ།། །།འདུལ་བ་ཕྲན་ཚེགས་ཀྱི་གཞི། བམ་པོ་
D6.011.0268b03.01ལྔ་བཅུ་རྩ་གསུམ་པ། ཀུན་དགའ་བོ་ཆོས་དང་མཐུན་པའི་ཁང་{བཟངས་ཀྱི་,བཟང་གི་}བ་གམ་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་བཏགས་སོ། །ཀུན་དགའ་བོ་ཆོས་དང་མཐུན་པའི་ཁང་{བཟངས་,བཟང་}ལ་སྤང་ལེབ་
D6.011.0268b04.01རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པས་གཡོགས་སོ། །ཀུན་དགའ་བོ་ཆོས་དང་མཐུན་པའི་ཁང་{བཟངས་,བཟང་}ལ་ཐེམ་སྐས་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་
D6.011.0268b05.01ལས་བྱས་པ་དང་། ཤེལ་ལས་བྱས་པས་བརྩིགས་སོ། །ཀུན་དགའ་བོ་ཆོས་དང་མཐུན་པའི་ཁང་{བཟངས་,བཟང་}ལ་ལན་ཀན་རྣམ་པ་བཞི་པོ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པས་བསྐོར་ཏོ། །ཀུན་དགའ་བོ་གསེར་
D6.011.0268b06.01ལས་བྱས་པའི་ལན་ཀན་གྱི་གཟུངས་གཟེར་དང་། རྟེན་མ་དང་། གདུང་བུ་དངུལ་ལས་བྱས་སོ། །དངུལ་ལས་བྱས་པ་ལ་ནི་གསེར་གྱིའོ། །བཻ་ཌཱུརྱ་ལ་ནི་ཤེལ་གྱིའོ། །ཀུན་དགའ་བོ་ཤེལ་ལས་བྱས་པའི་ལན་ཀན་ལ་ནི་གཟུངས་གཟེར་དང་། གདུང་བུ་དང་། ལན་ཀན་གྱི་
D6.011.0268b07.01