藏传佛教 · 德格甘珠尔 · 律藏

德格《甘珠尔》D6

'dul ba phran tshegs kyi gzhi/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D6

完整藏文原文 · 德格版页 当前仅加载第 11 函德格 270b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

དང་། ཆོས་དང་མཐུན་པའི་ཏ་ལའི་ཚལ་གྱི་བྱ་བ་ཐམས་ཅད་ཟིན་པར་རིག་ནས་རྒྱལ་པོ་ལེགས་མཐོང་ཆེན་པོ་ག་ལ་བ་དེར་དོང་སྟེ་ལྷགས་ནས་རྒྱལ་པོ་ལེགས་མཐོང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་ཆོས་དང་མཐུན་པའི་ཁང་{བཟངས་,བཟང་}དང་། ཆོས་དང་མཐུན་པའི་རྫིང་དང་། ཆོས་

D6.011.0270b01.01
2

དང་མཐུན་པའི་ཏ་ལའི་ཚལ་མཛད་པ་ཐམས་ཅད་བགྱིས་ལགས་ཏེ། ལྷ་ད་དེའི་དུས་ལ་བབ་པར་དགོངས་ཤིག །དེ་ནས་རྒྱལ་པོ་ལེགས་མཐོང་ཆེན་པོ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ཆོས་དང་མཐུན་པའི་ཁང་{བཟངས་,བཟང་}འདིར་ཐོག་མར་བདག་ཁོ་ན་གནས་པ་ནི་བདག་གི་ཆ་མ་ཡིན་པས་མ་

D6.011.0270b02.01
3

ལ་བདག་གིས་བདག་གི་ཡུལ་ན་དགེ་སྦྱོང་དང་། བྲམ་ཟེ་དང་ཚུལ་བཟང་པོར་བཀུར་བ་གང་དག་གནས་པ་དེ་དག་ཆོས་དང་མཐུན་པའི་ཁང་{བཟངས་སུ་,བཟང་དུ་}ཐོག་མ་ཁོ་ནར་ཟན་བྱིན་ལ། རེ་རེ་ལ་ཡང་རས་བཅོས་བུ་སར་པ་ཟུང་རེ་བསྐོན་ནོ་སྙམ་མོ། །དེ་ནས་རྒྱལ་པོ་ལེགས་མཐོང་ཆེན་པོས་རང་གི་

D6.011.0270b03.01
4

ཡུལ་ན་དགེ་སྦྱོང་དང་། བྲམ་ཟེ་དང་ཚུལ་བཟང་པོར་བཀུར་བ་གང་དག་གནས་པ་དེ་དག་ཐོག་མ་ཁོ་ནར་ཆོས་དང་མཐུན་པའི་ཁང་{བཟངས་སུ་,བཟང་དུ་}ཟན་བྱིན་ནས། རེ་རེ་ལ་ཡང་རས་བཅོས་བུ་སར་པ་ཟུང་རེ་བསྐོན་ནོ། །དེ་ནས་ཡང་རྒྱལ་པོ་ལེགས་མཐོང་ཆེན་པོ་འདི་སྙམ་དུ་སེམས་ཏེ། ཆོས་དང་མཐུན་

D6.011.0270b04.01
5

པའི་ཁང་{བཟངས་སུ་,བཟང་དུ་}བདག་གིས་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་ལྡན་པར་གྱུར་པ་རྩེ་བ་དང་། དགའ་བ་དང་། དགའ་མགུར་སྤྱོད་པ་ནི་བདག་གི་ཚུལ་མ་ཡིན་པས་མ་ལ་བདག་གིས་ཆོས་དང་མཐུན་པའི་ཁང་{བཟངས་སུ་,བཟང་དུ་}སྐྱེས་བུ་ཉེ་གནས་གཅིག་དང་། རྒྱལ་པོའི་དྲང་སྲོང་གི་

D6.011.0270b05.01
6

ཚངས་པར་སྤྱོད་པ་སྤྱད་དོ་སྙམ་མོ། །དེ་ནས་རྒྱལ་པོ་ལེགས་མཐོང་ཆེན་པོ་ཆོས་དང་མཐུན་པའི་ཁང་{བཟངས་སུ་,བཟང་དུ་}སྐྱེས་བུ་ཉེ་གནས་གཅིག་དང་རྒྱལ་པོའི་དྲང་སྲོང་གི་ཚངས་པར་སྤྱོད་པ་སྤྱད་དོ། །དེ་ནས་རྒྱལ་པོ་ལེགས་མཐོང་ཆེན་པོ་གསེར་ལས་བྱས་པའི་ཁང་པ་རྩེག་མའི་ནང་དུ་

D6.011.0270b06.01
7

ཞུགས་ནས་དངུལ་ལས་བྱས་པའི་ཁྲི་ལ་འདུག་གོ། །ཁྲི་ལ་འདུག་ནས་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་

D6.011.0270b07.01